མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འབར་མ་སྲིད་གཞུང་གིས་ཉིན་གསུམ་རིང་ཁི་ཆན་རིགས་དང་ཞི་བའི་གྲོས་མོལ་བྱས་ཏེ་འགྲིག་མཐུན་བྱེད་པའི་གྲོས་མཐུན་བཀོད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-11 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མ་སྲིད་གཞུང་གིས་ཚེས10ཉིན་ཁྱབ་སྒྲོག་བྱས་དོན། སྲིད་གཞུང་གིས་རྒྱལ་ཁབ་དེའི་ཁ་བྲལ་སྟོབས་ཤུགས་ཁི་ཆན་རང་བཙན་རྩ་འཛུགས་དང་མཉམ་དུ་མུ་མཐུད་དུ་འབད་བརྩོན་བྱས་ཏེ་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་སོགས་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་འབར་མ་སྲིད་གཞུང་དང་ཁི་ཆན་རིགས་ཀྱི་ཞི་བའི་གྲོས་མོལ་དེ་ཚེས་བརྒྱད་ཉིན་ནས་མགོ་བརྩམས་པ་དང་། བསྡོམས་པས་ཉིན་གསུམ་འགོར། འབར་མ་རྒྱམལ་ཁབ་ཀྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་མོལ་ནས་གཙོ་བོ་ཕྱོགས་གཉིས་བར་འགལ་བ་བྱུང་བའི་གཞི་རྩའི་རྒྱུ་རྐྱེན་ལ་གྲོས་བསྡུར་བྱས་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་བཀོད་པའི་ཐུན་མོང་ལྟ་ཚུལ་ནང་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཡོངས་རང་བཞིན་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ཏེ། ཆབ་སྲིད་གྲོས་མོལ་ལ་རྨང་གཞི་བསྐྲུན་པར་འབད་འབུངས་བྱེད་པ་དང་། མཉམ་འབྲེལ་གྱི་ལྟ་རྟོག་ཨུ་ཡོན་ལྷན་ཁང་བཙུགས་ནས་དྲག་ཆས་འཁྲུག་རྩོད་གང་རུང་མཇུག་སྒྲིལ་བར་སྟབས་བདེ་བཟོ་དགོས་པ། ཡུལ་གྱར་བའི་བཀོད་སྒྲིག་དང་གཞུང་ལམ་གྱི་བཀག་རྒྱ་མེད་པར་བྱེད་པའི་གནད་དོན་སོགས་འདུས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག