མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ་བར་གྱི་གསར་གཏོད་མཉམ་ལས་ལག་ལེན་ལས་གཞིའི་མཚམས་སྦྱོར་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-10 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་ཨུ་རུ་སིའི་རིག་གནས་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི་རྒྱལ་ཁབ་བར་གྱི་གསར་གཏོད་མཉམ་ལས་ལག་ལེན་ལས་གཞིའི་མཚམས་སྦྱོར་ཚོགས་འདུ་ཉེ་སྔོན་པེ་ཅིན་ནས་བསྡུས། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་རང་བཙན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་དང་། ཨུ་རུ་སིའི་ཕྱི་སྡོད་རང་མིའི་ལས་དོན། རྒྱལ་སྤྱིའི་མི་གཞུང་མཉམ་ལས་ཧྲུའུ་བཅས་ཀྱི་དཔོན་རིགས་ཀྱིས་ཚོགས་འདུར་ཞུགས་པའི་ཨུ་རུ་སི་དང་ཀྲུང་གོའི་ཚོང་དོན་ལས་རིགས་དང་། ཚན་རྩལ་ལས་རིགས། གསར་འགྱུར་ལས་རིགས་བཅས་ཀྱི་མི་སྣར་ཨུ་རུ་སིའི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་། མཐོ་རིམ་སློབ་གྲྭ། སྲིད་གཞུང་། ཚོང་ལས་རྩ་འཛུགས་བཅས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། ཉིས་སྟོང་ཉི་ཤུ་ལོའི་བར་གྱི་རང་བཙན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཁབ་བར་གྱི་གསར་གཏོད་མཉམ་ལས་ལས་གཞིའི་དོན་ཚན་ཁག་ཅིག་མཚམས་སྦྱོར་བྱས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག