མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁོངས་དཔལ་འབྱོར་མཉམ་ལས་ལ་འཕེལ་སྟངས་བཞི་མངོན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-10 11:11

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2013ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཉེ་སྔོན་ཧིན་རྡུ་ཉི་ཞི་ཡཱའི་པཱ་ལི་གླིང་ཕྲན་ནས་བསྡུས་པ་དང་། གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་འཕར་སྣོན་དེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་འབྱུང་བའི་སྒུལ་ཤུགས་ཡིན་ཞེས་པ་དེ་ཡིན་ཞིང་། གཙོ་བོ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་གོམ་སྟབས་དལ་བའི་གནས་ཚུལ་འོག་ཇི་ལྟར་ས་ཁོངས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་གྱི་གསོན་ཤུགས་ཇེ་ཆེར་བཏང་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གསར་བ་བསྐྲུན་པར་གྲོས་བསྡུར་བྱས།

དེང་སྐབས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གནད་ས་དེ་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་འགྲམ་གཉིས་ནས་ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་གཉིས་སུ་བརྒྱུད་སྤོ་བྱས་ཡོད་པ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཁྲོད་ཀྱི་གོ་གནས་དང་ཤུགས་རྐྱེན་སྔར་ལས་ཇེ་ཆེར་སོང་ཡོད་ལ། ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་དེ་གནས་ཚུལ་དང་གནད་དོན་གསར་བ་མང་བོར་འཕྲད་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བྱུང་ཡོད། གཅིག་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་དུ་འཕར་སྣོན་ལ་ཡར་སྐུལ་བྱེད་པའི་ཆབ་སྲིད་འདོད་བློ་ཇེ་ཆེར་སོང་བ་དང་། གཉིས་ནས་ནང་རྐྱེན་འཛུགས་སྐྲུན་བྱེད་པའི་ཐད་ནས་ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་རེ་བ་ཡོད་ལ། གསུམ་ནས་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་ཁྱབ་རྒྱ་དང་གཏིང་ཚད་སྔར་ལས་ཇེ་ཆེར་བཏང་ཡོད། བཞི་ནས་རྣམ་པ་གང་རུང་གི་ས་ཁོངས་དཔལ་འབྱོར་མཉམ་ལས་ལེགས་སྒྲིག་བྱེད་པ་ནི་འཕེལ་ཕྱོགས་གཙོ་བོར་གྱུར་ཡོད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག