མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་རང་སྲུང་རུ་ཁག་གིས་འཐབ་འཛིང་གནམ་གྲུ་མངག་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་གསུམ་བཀག་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-10 11:11

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་རང་སྲུང་རུ་ཁག་གིས་ཚེས9ཉིན་འཐབ་འཛིང་གནམ་གྲུ་མངག་ནས་འཇར་པན་གྱི་མངའ་ཁོངས་སུ་འཕུར་ཡོང་བར་དོགས་པའི་ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་གསུམ་བཀག འཇར་པན་རང་སྲུང་རུ་ཁག་གི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་བསྟན་དོན། ཉིན་དེར་ཨུ་རུ་སིའི་ཉུལ་ཞིབ་གནམ་གྲུ་གསུམ་འཇར་པན་མཚོའི་མཁའ་དབྱིངས་སུ་འཕུར་སྐྱོད་བྱས་ཀྱང་། འཇར་པན་གྱི་མངའ་ཁོངས་སུ་སླེབས་མེད། དེ་ནི་ཟླ་འདིར་འཇར་པན་རང་སྲུང་རུ་ཁག་གི་འཐབ་འཛིང་གནམ་གྲུས་ཐེངས་གཉིས་པར་བར་སྣང་ནས་ཨུ་རུ་སིའི་གནམ་གྲུ་བཀག་པ་རེད།

འཇར་པན་རང་སྲུང་རུ་ཁག་གི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ཟླ7པ་ནས་ཟླ9བའི་བར། འཇར་པན་རང་སྲུང་རུ་ཁག་གི་འཐབ་འཛིང་གནམ་གྲུས་བསྡོམས་པས་ཐེངས་བརྒྱ་དང་ལྔར་འཇར་པན་གྱི་མཁའ་ཁོངས་སུ་ཡོང་བར་དོགས་པའི་ཨུ་རུ་སིའི་གནམ་གྲུ་བཀག ད་ལོའི་ཟླ4བ་ནས་ཟླ9་བའི་བར། འཇར་པན་རང་སྲུང་རུ་ཁག་གི་འཐབ་འཛིང་གནམ་གྲུ་བསྡོམས་པས་ཐེངས་སུམ་བརྒྱ་དང་བརྒྱད་ལ་བར་སྣང་དུ་འཕུར་བ་དང་། ཨུ་རུ་སིའི་གནམ་གྲུ་བཀག་པ་ལས་གཞན་ཁྲའོ་ཞན་སོགས་རྒྱལ་ཁབ་ཀྱི་གནམ་གྲུ་ཡང་བཀག་མྱོང་བ་རེད།

ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་དུས་རྒྱུན་འཇར་པན་གྱི་མཁའ་ཁོངས་ཉེ་སར་འཕུར་བསྐྱོད་བྱེད་ཀྱང་། ཨུ་རུ་སི་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་པོས་མཛའ་མཐུན་གྱི་རྣམ་འགྱུར་བཟང་བོ་སྟོན་པར་གནོད་པ་ཅི་ཡང་སྐྱེལ་མེད། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བརྒྱད་ཉིན་འཇར་པན་བར་ཞི་བདེའི་ཆིངས་ཡིག་བཀོད་ཆོག་པའི་བསམ་ཚུལ་བསྟན་པ་དང་། དམིགས་འབེན་དེ་མངོན་འགྱུར་བྱེད་ན་ང་ཚོས་ཕན་ཚུན་དགྲ་རུ་འཛིན་མི་རུང་བར་གྲོགས་པོའི་སྣང་བརྙན་བཟང་བོ་སྐྲུན་དགོས་ལ། ཚོད་དཔག་བྱས་ན་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གཉིས་ཀྱིས་ཟླ11པར་འཇར་པན་དུ་འཚམས་འདྲི་བྱེད་རྒྱུ་ཡིན་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག