མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོས་ཁྲའོ་ཞན་གྱིས་ཉིན་པེན་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཡང་བསྐྱར་བེད་སྤྱོད་བྱས་ཏེ་དཔུང་འཇུག་བྱེད་པར་གྲ་སྒྲིག་བྱས་ཡོད་པར་བཤད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-09 11:02

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚེས8ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་རྒྱལ་ཁབ་གནས་ཚུལ་ཁང་གིས་ཁྲའོ་ཞན་གྱིས་ཉིན་པེན་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཡང་བསྐྱར་བེད་སྤྱོད་བྱས་པར་མ་ཟད། ཁྲའོ་ཞན་ནུབ་ཕྱོགས་ཀྱི་ཏུང་ཚང་ལི་རྟེན་གཞི་ནས་རྒྱང་འཕེན་འཕུར་མདའི་སྒུལ་ཤུགས་ལ་ཚོད་ལྟ་བྱས་པ་བདེན་དཔང་བྱས།

ཧན་གོའི་རྒྱལ་ཁབ་གནས་ཚུལ་ཁང་གིས་ད་རུང་བཤད་རྒྱུར། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཉེ་སྔོན་མཛུབ་སྟོན་གནང་སྟེ། དམག་དཔུང་གིས་ཧན་གོར་དཔུང་འཇུག་བྱེད་པར་གྲ་སྒྲིག་གང་ལེགས་བྱེད་དགོས་པའི་རེ་བ་བཏོན་པ་དང་། མཚོ་དམག་གི་སྟོབས་ཤུགས་ལ་ཤུགས་སྣོན་བྱས་ཡོད་ལ། དཔུང་འཇུག་བྱེད་སའི་དམིགས་འབེན་ནི་ཧན་གོའི་རྒྱལ་ས་ཧྲིག་ཨར་དང་དེའི་ཉེ་འཁོར་ས་ཁུལ་རེད་ཟེར།

མིག་སྔའི་བར་དུ་ཁྲའོ་ཞན་གྱིས་དོན་དེའི་ཐད་རྣམ་འགྱུར་ཅི་ཡང་བསྟན་མེད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཡོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་རྒྱལ་སྤྱིའི་གནད་དོན་གྱི་མཐོ་རིམ་ཞིབ་འཇུག་སློབ་གླིང་ཨ་མེ་རི་ཁ་དང་ཧན་གོའི་ཞིབ་འཇུག་ཁང་གི་དྲ་ཚིགས་སྟེང་ཚེས་གཉིས་ཉིན་བཤད་རྒྱུར། སྔར་ལས་མང་བོའི་སྣང་ཚུལ་གྱིས་ཁྲའོ་ཞན་གྱིས་ཉིན་པེན་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཡང་བསྐྱར་བེད་སྤྱོད་བྱས་པ་བདེན་དཔང་བྱེད་ཐུབ་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག