མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན30བསད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-09 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས7ཉིན་བདེན་དཔང་བྱས་དོན། ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཆོས་ལུགས་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་ཅེས་པའི་ནེ་ཀྲི་རི་ཡཱའི་བྱང་ཤར་ས་ཁུལ་དུ་ཡོད་པའི་སྦས་སྐོང་བྱེད་སར་གློ་བུར་དུ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་དྲག་ཆས་མི་སྣ30ལྷག་རྐྱེན་ལམ་དུ་ཤོར་ཟེར།

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱི་ཁྲི་ཤོག་བདུན་པའི་མགྲིན་ཚབ་པ་ཏན་ཅཱ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཚེས6ཉིན་གྱི་ཕྱི་དྲོར་པའོ་ཨར་ནོའུ་ཀྲིག་གི་དབྱེ་ཀྲ་གྲོང་རྡལ་དུ་ཡོད་པའི་པའོ་ཁི་གནས་མཆོག་གི་ཁོངས་མིའི་སྦས་སྐོང་བྱེད་ས་ཞིག་ལ་དམིགས་ཏེ་འགུལ་སྐྱོད་སྤེལ་བ་དང་། དམག་ཕྱོགས་ཀྱིས་འགུལ་སྐྱོད་སྤེལ་སྐབས་བར་སྣང་དང་ས་ངོས་གཉིས་ཀྱིས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་དྲག་ཆས་ཉེས་ཅན30བསད་ཡོད་ལ། དེའི་ནང་རྩ་འཛུགས་དེའི་མཐོ་རིམ་བཀོད་འདོམ་པ་ཞིག་ཡོད་པ་དང་། དྲག་ཆས་ཉེས་ཅན་གྱི་རླངས་འཁོར་མང་བོ་གཏོར་བཤིག་བཏང་ཡོད་ཟེར།

ཏན་ཅཱ་ཡིས་བཤད་རྒྱུར། དམག་ཕྱོགས་ཀྱིས་འགུལ་སྐྱོད་མ་སྤེལ་གོང་འབྱོར་བའི་གསང་འཕྲིན་ལྟར་ན། པའོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་རྩ་འཛུགས་ཀྱིས་པའོ་ཨར་ནོའུ་ཀྲིག་གི་པཱ་མཱ་གྲོང་རྡལ་དུ་འཇབ་རྒོལ་བྱེད་པར་འཆར་གཞི་འཐེན་བཞིན་ཡོད་ཟེར།

དྲག་ཆས་ཉེས་ཅན་སྐོར་དེས་ཚེས་དྲུག་ཉིན་གྱི་ཞོགས་པར་པའོ་ཨར་ནོའུ་ཀྲིག་གི་ཏན་པའོ་ཨ་ས་ཁུལ་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་འཇབ་རྒོལ་བྱས་ཏེ་མི5བསད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག