མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་དམངས་གྲོས་ཁང་གིས་དངུལ་གཏོང་གྲོས་གཞི་ལ་འདེམ་ཤོག་འཕང་ནས་སྲིད་གཞུང་གི་སྒོ་བརྒྱབ་པའི་ཉམས་ཉེན་མཇུག་སྒྲིལ་དུ་འཇུག་དགོས་པའི་སྐུལ་མ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས7ཉིན་རྒྱལ་ཚོགས་དམངས་གྲོས་ཁང་གིས་གང་མགྱོགས་ཀྱིས་སྲིད་གཞུང་གི་གནས་སྐབས་དངུལ་གཏོང་གྲོས་གཞི་ལ་འདེམ་ཤོག་འཕང་སྟེ། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྡེ་ཁག་གཙོ་བོས་ལས་མཚམས་བཞག་པའི་གནས་བབ་མཇུག་སྒྲིལ་དུ་འཇུག་དགོས་པའི་སྐུལ་མ་བཏང་བ་དང་། ཁོས་ཞོར་དུ་རྒྱལ་ཚོགས་ཀྱིས་མྱུར་དུ་དངུལ་བུན་གྱི་ཚད་ཇེ་མཐོར་བཏང་ནས་ཆིངས་རྒྱ་དང་འགལ་བའི་ཉེན་ཁ་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨོ་པཱ་མཱ་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་བྲེལ་མྱུར་བྱེད་ཐབས་ཁང་ནས་གཏམ་བཤད་སྤེལ་ཏེ། རྒྱལ་ཚོགས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་མང་ཚོགས་ཀྱི་ཁེ་ཕན་ལ་ཕན་པའི་ཆོད་དོན་བཏོན་ནས་རང་གིས་བཟོས་པའི་ཉམས་ཉེན་དེ་མཇུག་སྒྲིལ་དུ་འཇུག་དགོས་ཟེར།

ཨོ་པཱ་མཱ་ཡིས་བཤད་རྒྱུར། ཁོས་སྤྱི་མཐུན་ཏང་མི་དང་མཉམ་དུ་སྲིད་གཞུང་གི་སྔོན་རྩིས་ལ་འབྲེལ་བའི་གནད་དོན་གང་རུང་ལ་གྲོས་བསྡུར་བྱེད་འདོད་ཡོད་ཀྱང་། ཁོས་སྤྱི་མཐུན་ཏང་མིའི་བར་སྲིད་གཞུང་གི་སྒོ་བརྒྱག་པ་དང་དངུལ་བུན་ཆིངས་རྒྱ་དང་འགལ་བའི་འཇིགས་ཉེན་ཡོད་པའི་གྲོས་མོལ་སྤེལ་མི་སྲིད་ཟེར། ཁོས་དམངས་གྲོས་ཁང་གིས་གང་མགྱོགས་ཀྱིས་སྲིད་གཞུང་གི་གནས་སྐབས་དངུལ་གཏོང་གྲོས་གཞི་ལ་བརྡས་ཐག་བཅད་དེ་སྲིད་གཞུང་གིས་ལས་མཚམས་བཞག་པའི་གནས་བབ་མཇུག་སྒྲིལ་དུ་འཇུག་དགོས་པའི་སྐུལ་མ་བཏང་། དམངས་གྲོས་ཁང་གི་གྲོས་དཔོན་པའོ་ནཱ་ཡིས་འདེམ་ཤོག་ཁ་གྲངས་ཉུང་བར་བཤད་ཀྱང་། ཨོ་པཱ་མཱ་ཡིས་བལྟས་ན་གྲོས་གཞི་དེར་གྲོས་འཆམ་འབྱུང་བར་རྒྱབ་སྐྱོར་བྱེད་པའི་འདེམ་ཤོག་འདང་ཚིམས་པ་ཡོད་པར་བསམ་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག