མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་ཤར་ཕྱོགས་ས་ཁུལ་དུ་ཉིན་གཉིས་ཀྱི་རིང་མི་སོ་གཉིས་ཐོག་གིས་བསད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འདས་པའི་ཉིན་གཉིས་ཀྱི་རིང་ལ། རྒྱ་གར་ཤར་ཕྱོགས་ཀྱི་པུས་ཧཱ་ཨར་པང་དང་ཆར་ཁུན་ཏི་པང་ལ་དྲག་ཆར་བབས་པ་དང་། བྱིས་པ་དགུ་དང་བཅས་པའི་མི་སོ་གཉིས་ཐོག་གིས་བསད་ཟེར།

པུས་ཧཱ་ཨར་པང་གནོད་འཚེའི་དོ་དམ་དཔོན་པོ་ཁུའུ་ཧྲི་ཝ་ཧཱ་ཡིས་ཚེས7ཉིན་བཤད་རྒྱུར། ཚེས་ལྔ་ཉིན་ནས་ཚེས་དྲུག་ཉིན་གཉིས་ལ། པུས་ཧཱ་ཨར་པང་ནས་མི་ཉེར་བཞི་ཐོག་གིས་བསད་པ་དང་། དེའི་ནང་བྱིས་པ་བདུན་ཡོད་ཟེར། ཉེ་འདབས་ཀྱི་ཆར་ཁུན་ཏི་པང་གིས་ཀྱང་བྱིས་པ་གཉིས་དང་བཅས་པའི་མི་བརྒྱད་འདས་པའི་ཉིན་གཉིས་ཀྱི་རིང་ཐོག་གིས་བསད་པ་བདེན་དཔང་བྱས།

རྒྱ་གར་ཤར་ཕྱོགས་ས་ཁུལ་དུ་བསྟུད་མར་ཉིན་འགའི་ནང་དྲག་ཆར་དང་རླུང་འཚུབ་དྲག་པོའི་འཇིགས་པ་ཐེབས་ཏེ། སྡོང་བོ་རྩ་ནས་ལོག་པ་དང་ཁང་བ་རྡིབས་པར་མ་ཟད། གློག་སྡོང་ཆག་ནས་ས་ཁུལ་ཁག་ཅིག་ལ་གློག་ཆད་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག