མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་སི་རི་ཡཱའི་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བཞིན་པའི་དོན་ལ་གཟེངས་བསྟོད་ངེས་ཅན་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྫས་འགྱུར་མཚོན་ཆའི་ཞིབ་བཤེར་ཚན་ཆུང་གིས་སྤྱི་ཟླ10བའི་ཚེས6ཉིན་ནས་བཟུང་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་ཉར་འཇོག་དང་སྒྲིག་ཆས་མེད་པར་བཟོ་བའི་དཀའ་ཚེགས་ཀྱི་ལས་འགན་ལག་བསྟར་བྱེད་མགོ་བརྩམས། ཚེས7ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་པཱ་ཧྲ་ཨར་གྱིས་མགོ་ཁྲིད་པའི་སི་རི་ཡཱའི་སྲིད་གཞུང་ལ་གཟེངས་བསྟོད་ངེས་ཅན་བྱས། གསར་འགྱུར་ལས་རིགས་དག་གིས་བལྟས་ན། དེ་ནི་ཨ་མེ་རི་ཁའི་དཔོན་ཕྱོགས་ཀྱིས་པཱ་ཧྲ་ཨར་ལ་གཟེངས་བསྟོད་བྱེད་པའི་སྣང་ཚུལ་མཐོང་དཀོན་པ་ཞིག་ཡིན་པར་འདོད།

ཨ་མེ་རི་ཁའི་ལོ་ཧྲན་ཅིའི་དུས་སྐབས་ཚགས་པར་གྱིས་ཚེས7ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁི་ལེ་ཡིས་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་འཆར་གཞིའི་གྲུབ་འབྲས་ལ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་དང་། དེ་ནི་འཛམ་གླིང་ཡོངས་ཀྱིས་མཉམ་ལས་བྱས་པའི་དཔེ་སྲོལ་བཟང་བོ་ཞིག་རེད་ཟེར།

ཁི་ལེ་ཡིས་ནན་གྱིས་བསྟན་དོན། གྲུབ་འབྲས་དེ་འདྲ་བྱུང་བ་ནི་པཱ་ཧྲ་ཨར་སྲིད་དབང་གིས་མྱུར་མོར་བརྩི་སྲུང་དང་དང་ལེན་བྱས་པར་འབྲེལ་བ་ཆེན་པོ་ཡོད། ངས་མ་འོངས་པའི་ཟླ་འགའི་ནང་ཅི་ཞིག་འབྱུང་སྲིད་པར་ཁག་ཐེག་བྱ་ཐུབ་མེད་ཀྱང་དེ་ནི་ཐོག་མའི་སྣང་ཚུལ་བཟང་བོ་ཞིག་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག