མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་དམངས་གྲོས་ཁང་གིས་ལས་མཚམས་བཞག་པའི་སྲིད་གཞུང་གི་ལས་བཟོ་བར་ཟླ་ཕོགས་ཁ་གསབ་བྱེད་པར་ཆོག་མཆན་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-07 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་མཐུན་ཏང་གིས་ཚོད་འཛིན་བྱེད་པའི་ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གིས་སྤྱི་ཟླ10བའི་ཚེས5ཉིན་འདེམ་ཤོག་འཕང་སྟེ་གྲོས་གཞིར་གྲོས་མཐུན་བཀོད་དེ། སྲིད་གཞུང་གི་སྒོ་བརྒྱབ་རྗེས་ལས་མཚམས་མི་འཇོག་ཐབས་མེད་བྱུང་བའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ལས་བཟོ་བ་འབུམ8ཙམ་ལ་ཟླ་ཕོགས་ཁ་གསབ་བྱེད་རྒྱུ་ཡིན་ཟེར།

གྲོས་གཞི་དེར་ཨ་མེ་རི་ཁའི་ཏང་ཁག་གཉིས་ཀྱི་གྲོས་མིའི་རྒྱབ་སྐྱོར་ཐོབ་པ་དང་། འདེམ་ཤོག་བཞི་བརྒྱ་དང་བདུན་ཡིད་འཐད་བྱུང་ལ། ངོ་རྒོལ་བྱེད་མཁན་གཅིག་ཀྱང་མེད་པའི་མཇུག་འབྲས་ཀྱིས་གྲོས་འཆམ་བྱུང་བ་རེད། གྲོས་གཞི་དེར་ད་རུང་དམངས་གཙོ་ཏང་གིས་ཚོད་འཛིན་བྱེད་པའི་གྲོས་ཞུགས་ཁང་གིས་ཆོག་མཆན་བཀོད་དེ་ཙུང་ཐུང་ཨོ་པཱ་མཱ་ཡིས་མིང་བཀོད་རྗེས་ད་གཟོད་བཅའ་ཁྲིམས་སུ་འགྱུར་སྲིད། ཕོ་བྲང་དཀར་པོསི་གྲོས་གཞི་དེར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་ཡོད།

དམངས་གཙོ་དང་སྤྱི་མཐུན་ཏང་ཁག་གཉིས་ཀྱིས་ལོ་གསར་བའི་ནོར་སྲིད་སྔོན་རྩིས་ཐད་ཀྱི་འགལ་བ་ཐག་གཅོད་བྱུང་མེད་པའི་དབང་གིས་ཨ་མེ་རི་ཁའི་ལོ་ངོ་བཅུ་བདུན་རིང་ཐོག་དང་པོར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྡེ་ཁག་གཙོ་བོའི་སྒོ་བརྒྱབ་ནས་ཉིན་དྲུག་འགོར་བ་རེད།

རྒྱུན་སྲོལ་ལྟར་ན། ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྒོ་བརྒྱབ་པའི་སྐབས་སུ་མུ་མཐུད་དུ་ལས་གནས་སུ་བྱ་བ་བྱེད་པའི་ལས་བཟོ་བ་གཙོ་བོ་སོགས་ཀྱིས་སྲིད་གཞུང་གི་རྒྱུན་ལྡན་སླར་གསོ་བྱུང་རྗེས་ཟླ་ཕོགས་བླངས་ཆོག་ཀྱང་། ལས་མཚམས་མི་འཇོག་ཐབས་མེད་བྱུང་བའི་ལས་བཟོ་བའི་ཟླ་ཕོགས་ཁ་གསབ་བྱེད་མིན་དེ་རྒྱལ་ཚོགས་ཀྱིས་ཐག་གཅོད་བྱེད་དགོས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག