མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གིས་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་གཏོར་བརླག་བྱེད་རྩིས་ཡོད་པའི་དོགས་ཡོད་ཉེས་ཅན4འཛིན་བཟུང་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-07 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་སཱ་ལེ་ཞི་ཡིས་སྤྱི་ཟླ10བའི་ཚེས6ཉིན་ཏི་ཧེ་ལན་ནས་བཤད་རྒྱུར། དབྱི་ལིང་བདེ་འཇགས་ལས་ཁུངས་ཀྱིས་ཉིན་འགའི་སྔོན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་གཏོར་བརླག་བྱེད་རྩིས་ཡོད་པའི་དོགས་ཡོད་ཉེས་ཅན4འཛིན་བཟུང་བྱས་ཟེར།

སཱ་ལེ་ཞི་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དབྱི་ལིང་བདེ་འཇགས་སྡེ་ཁག་གིས་ཅང་མ་འགོར་བའི་སྔོན་དབྱི་ལིང་གི་རྡུལ་ཕྲན་ནུས་པའི་རྩ་འཛུགས་ནང་ཁུལ་དུ་གཏོར་བརླག་ཉེས་ཅན4ཡོད་པའི་ཁུངས་སྣེ་རྙེད་ཀྱང་། སྐབས་ཐོག་དེར་དུས་ལྟར་འཛིན་བཟུང་མ་བྱས་པར། གསང་འཕྲིན་སྔར་ལས་མང་བོ་འཚོལ་སྡུད་བྱས་རྗེས་ད་གཟོད་ཁོ་ཚོ་འཛིན་བཟུང་བྱས་པ་ཡིན་ཟེར།

སཱ་ལེ་ཞི་ཡིས་དོགས་ཡོད་ཉེས་ཅན་དེ་དག་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་གང་ལ་གཏོར་བརླག་བྱེད་རྩིས་ཡོད་པ་གསལ་བོར་མ་བཤད་ཀྱང་། དུས་ལྟར་གནས་ཚུལ་སྔར་ལས་མང་བོ་ཁྱབ་སྒྲོག་བྱེད་སྲིད་ཟེར། མིག་སྔར་དབྱི་ལིང་བདེ་འཇགས་སྡེ་ཁག་གིས་དོགས་ཡོད་ཉེས་ཅན་དག་ལ་འདྲི་གཅོད་བྱེད་བཞིན་ཡོད་ཟེར།

སཱ་ལེ་ཞི་ཡིས་ད་རུང་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ནི་སྔར་བཞིན་དྲ་རྒྱའི་དཔུང་འཇུག་གི་དམིགས་ཡུལ་ཡིན་པ་དང་། དྲ་རྒྱའི་ནད་དུག་དོན་རྐྱེན་བྱུང་རྗེས་དབྱི་ལིང་བདེ་འཇགས་སྡེ་ཁག་གིས་ནམ་རྒྱུན་དོགས་ཟོན་མཐོར་འདེགས་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག