མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྐབས་དྲུག་པའི་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱིས་གྲོན་ཆུང་གི་དར་སྲོལ་རྒྱུན་འཁྱོངས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-07 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་དྲུག་པའི་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་སྤྱི་ཟླ10བའི་ཚེས6ཉིན་ཐན་ཅིན་དུ་འགོ་ཚུགས་ཡོད་པ་དང་ལུས་རྩལ་ཐང་འཛུགས་སྐྲུན་དང་འགོ་ཚུགས་མཛད་སྒོ། བདེ་འཇགས་སྲུང་སྐྱོབ་བཅས་ཀྱི་ལྷུ་ཚིག་ཚང་མའི་ཐད་ནས་གྲོན་ཆུང་བསྲི་ཚགས་དང་སྦགས་བཙོག་མེད་པ། ལས་ཆོད་མཐོ་བ་བཅས་ཀྱི་ལུས་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་ཤིག་མངོན་ཡོད་པ་རེད།

འགོ་ཚུགས་མཛད་སྒོར་ཞུགས་མཁན་ཚང་མ་ནི་གཞི་རིམ་རིག་གནས་ཁང་དང་ཚོགས་པ་དང་མང་ཚོགས་ཀྱི་འཁྲབ་སྟོན་པ་ཡིན་ལ་མི་གྲངས་ཀྱང་མི5000ནས1500བར་ཉུང་དུ་བཏང་ཡོད་པ། གྱོན་ཆས་ནི་སྤྱི་ལོ2012ལོའི་སློབ་གྲྭ་ཆེན་མོ་བའི་ལུས་རྩལ་འགྲན་ཚོགས་ཐོག་གྱོན་མྱོང་ཡོད་ཅིང་བྱེད་སྒོ་ཧྲིལ་པོའི་གྱོན་ཆས་4000ཙམ་ནང་ནས30%ནི་རྙིང་པ་ཡིན་པ། གྱོན་ཆས་ཁོ་ནའི་འགྲོ་གྲོན་ཐོག་ནས་སྒོར་ས་ཡ1ཙམ་གྲོན་ཆུང་ཐུབ་ཡོད་པ། འགོ་ཚུགས་མཛད་སྒོ་དེ་ཐོག་མེད་པ་ནས་ཐོག་ཡོད་པའི་ཁང་པར་སྒྱུར་ཡོད་པ་དང་དཔལ་འབར་རྒྱུད་སྤྲོད་བྱེད་པ་དང་དཔལ་འབར་སྤར་བ། ཚོན་ཁྲའི་ཤོག་སྦག་གི་འཁྲབ་སྟོན་བཅས་མེད་པ་བཟོས་ཡོད་པ་དང་མིག་སྔའི་བར་འགྲོ་གྲོན་སྒོར་བྱེ་བ5ཡན་གྲོན་ཆུང་ཐུབ་ཡོད་པ་རེད།

འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་གཏོང་བ་དང་སྦགས་བཙོག་མེད་པའི་ཁོར་སྲུང་འབུར་དུ་ཐོན་པ་བྱེད་ཆེད་ལུས་རྩལ་པ་ཕར་འགྲོ་ཚུར་འོང་དང་ལས་རེས་བྱེད་མཁན་ཉེན་རྟོག་པ་བཅས་ཚང་མ་གཅིག་གྱུར་ཐོག་སྤྱི་སྤྱོད་རླངས་འཁོར་ཆེ་གྲས་སྡོད་ཀྱི་ཡོད་པ་དང་འགྲིམ་འགྲུལ་ཤར་གཏོང་དང་བདེ་འཇགས་འགན་སྲུང་བྱེད་པའི་རྨང་གཞིའི་ཐོག་གྲོང་མིའི་འགྲོ་སྐྱོད་ལ་ཤུགས་རྐྱེན་བཟོ་ཤུགས་ཆུང་དུ་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག