མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་གྲོས་ཚོགས་ཐོག་ཡུལ་སྐོར་ལས་རིགས་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུར་དོ་ཁུར་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-07 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་སྤྱི་ལོ2013ལོའི་རྒྱུན་མཐུད་གོང་འཕེལ་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཐོག་སྤྱི་ཟླ10བའི་ཚེས5ཉིན་གཞུང་ཕྱོགས་དང་དམངས་ཁྲོད་ཡུལ་སྐོར་ལས་ཁུངས་ཀྱིས་དེའི་ནང་མཉམ་དུ་ཞུགས་ནས་ཡུལ་སྐོར་ལས་རིགས་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཡུལ་སྐོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུ་ལི་ཁེས་གྲོས་སྡུར་གནང་སྐབས། འཛམ་གླིང་ཁྱབ་ཁོངས་ནང་ཡུལ་སྐོར་བ་དུང་ཕྱུར་བཅུ་ཡོད་པ་དང་མི་ཚོགས་དེའི་ཤུགས་རྐྱེན་གྱིས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་སྲིད་གཞུང་མིན་པའི་སྒྲིག་འཛུགས། དེ་བཞིན་ཡུལ་སྐོར་ལས་རིགས་བཅས་ལ་ཡུལ་སྐོར་བྱ་གཞག་འཚོ་གནས་ཐུབ་པའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་གྱི་ངོས་འཛིན་ཐུབ་ཡོད་ཅེས་གསུངས་འདུག

གྲོས་ཚོགས་དེ་ཧིན་རྡུ་ཉི་ཞི་ཡའི་ཡུལ་སྐོར་དང་གསར་སྐྲུན་དཔལ་འབྱོར་པུའུ། མཉམ་འབྲེལ་རྒྱལ་ཚོགས་རྒྱུན་མཐུད་གོང་འཕེལ་ཐག་གཅོད་ཇུས་གཞིའི་དྲ་ཚིགས་བཅས་ཀྱིས་མཉམ་གཉེར་བྱས་པ་དང་། དུས་ཡུན་ཉིན་གཉིས་ཡིན་པ་དང་ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་རྒྱུན་མཐུད་ཕྱོགས་སུ་སྐྱོད་བཞིན་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་ཞེས་པ་དེ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག