མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕེ་རུ་ནས་སྤྱི་སྤྱོད་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི19རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-07 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕེ་རུའི་ས་གནས་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕེ་རུའི་དབུས་ཕྱོགས་ཀྱི་ཝན་ཁཱ་ཝེ་ལེ་ཁཱ་ཞིང་ཆེན་གྱི་རི་ཁུལ་གཞུང་ལམ་ཞིག་ནས་སྤྱི་ཟླ10བའི་ཚེས6ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི19རྐྱེན་ལམ་དུ་ཤོར་བ་དང་མི30ལྷག་ལ་རྨས་ཕོག

ཝན་ཁཱ་ཝེ་ལེ་ཁཱ་ཞིང་ཆེན་གྱི་གཞུང་ལམ་ཉེན་རྟོག་ཅུའུ་ཡིས་བསྒྲགས་པའི་གནས་ལྟར་ན། རྒྱལ་ས་ལེ་མཱ་ནས་ལམ་དུ་ཆས་པའི་རྒྱང་བཞུད་སྤྱི་སྤྱོད་རླངས་འཁོར་ཞིག་ཉིན་དེའི་སྔ་དྲོར་ཝན་ཁཱ་ཝེ་ལེ་ཁཱ་ཞིང་ཆེན་གྱི་ཨ་ཁི་ལེ་ཡཱ་ས་ཁུལ་གྱི་རི་ལམ་ཞིག་བརྒྱུད་སྐབས་གློ་བུར་དུ་ཁ་ལོ་བྱེད་ཐབས་བྲལ་ནས། གཏིང་ཚད་ལ་སྨིད80ལྷག་ཡོད་པའི་གྲོག་རོང་དུ་ལྷུང་སྟེ། མི19རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བུད་མེད8དང་བྱིས་པ2ཡོད་ཟེར། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

ཕེ་རུ་རྒྱལ་ཁབ་ནི་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཆ་སྙོམས་ལོ་རེར་གཞུང་ལམ་གྱི་འགྲིམ་འགྲུལ་དོན་རྐྱེན་ཁྲི8ལྷག་འབྱུང་བཞིན་ཡོད་ཅིང་། ལམ་མི་བདེ་བ་དང་རླངས་འཁོར་གྱི་བྱེད་ནུས་ཞན་པ། དཔང་ཡིག་མེད་པར་ཁ་ལོ་བྱེད་པ་དང་ཆང་གིས་བཟི་རྗེས་ཁ་ལོ་བྱེད་པ་སོགས་ནི་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག