མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧཱ་མེ་ནེ་དབྱེ་ཡིས་ཙུང་ཐུང་གིས་ནུབ་ཕྱོགས་རྒྱལ་ཁབ་བར་འབྲེལ་འདྲིས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-07 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་བསྟན་དོན། གསར་དུ་འགན་ཁུར་བའི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ནུབ་ཕྱོགས་རྒྱལ་ཁབ་བར་ཕྱི་འབྲེལ་ཐད་ནས་འབྲེལ་འདྲིས་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཀྱང་། ཁོའི་བྱེད་ཐབས་ལ་ལ་ཞིག་འོས་འཚམ་མིན་པར་འདོད། དེ་ནི་ལུའུ་ཧཱ་ནེ་ཡིས་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚམས་འདྲི་བྱས་རྗེས། ཧཱ་མེ་ནེ་དབྱེ་ཡིས་ཐོག་དང་པོར་མངོན་གསལ་གྱིས་བསམ་ཚུལ་བསྟན་པ་རེད། ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་མེ་ནེ་དབྱེ་ཡིས་བསྟན་པའི་འོས་འཚམ་མིན་པའི་བྱ་སྤྱོད་ནི་ལུའུ་ཧཱ་ནེ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་ཐད་ཀར་གྲོས་མོལ་བྱས་པ་དེ་ཡིན་སྲིད་ཟེར།

ལུའུ་ཧཱ་ནེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་གྲོལ་རྗེས་སྤྱི་ཟླ9བའི་ཚེས28ཉིན་དབྱི་ལིང་དུ་འབྱོར་བ་རེད། ཨ་མེ་རི་ཁར་སྡོད་པའི་སྐབས་སུ་ཁོས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ལ་ཐོག་དང་པོར་ཁ་པར་བརྒྱུད་དེ་གྲོས་མོལ་བྱས། དེ་ནི་དབྱི་ལིང་གིས1979ལོར་དབྱི་སི་ལན་གསར་བརྗེ་བསླངས་པའི་ཚུན་ལ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཐོག་དང་པོར་ཐད་ཀར་གྲོས་མོལ་བྱས་པ་རེད།

ཧཱ་མེ་ནེ་དབྱེ་ཡིས་དཔོན་ཕྱོགས་དྲ་ཚིགས་སྟེང་ཚེས5ཉིན་རྩོམ་ཡིག་སྤེལ་ཏེ། ཧཱ་མེ་ནེ་དབྱེ་ཡིས་དམག་ཕྱོགས་ཀྱི་དམག་དཔོན་དང་དོན་དོན་སློབ་གྲྭའི་མཐར་ཕྱིན་སློབ་མར་སྤེལ་བའི་གཏམ་བཤད་ཁྲོད་ལུའུ་ཧཱ་ནེ་ཡི་ཉེ་སྔོན་གྱི་ཕྱི་འབྲེལ་བྱ་སྤྱོད་ཐད་ཀྱི་ལྟ་ཚུལ་བརྗོད། ཧཱ་མེ་ནེ་དབྱེ་ཡིས་བཤད་རྒྱུར། ང་ཚོས་སྲིད་གཞུང་གི་རང་འགུལ་ཕྱི་འབྲེལ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་འགྲུལ་བཞུད་ཀྱི་གལ་ཆེན་རང་བཞིན་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ཡིན་ན་ཡང་ང་ཚོས་བལྟས་ན་ཉིག་ཡོའི་འགྲུལ་བཞུད་ཀྱི་གནས་ཚུལ་དང་བྱ་སྤྱོད་རེ་འགའ་ཞིག་དེ་འདྲའི་འོས་འཚམ་མིན་ཟེར། བྱ་སྤྱོད་དང་གནས་ཚུལ་གང་དག་ཡིན་པ་ཧཱ་མེ་ནེ་དབྱེ་ཡིས་གསལ་བཤད་མ་བྱས། ཁོས་དེའི་སྔོན་བསྟན་དོན། ཨ་མེ་རི་ཁའི་བར་ཐད་ཀར་གྲོས་མོལ་བྱས་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་པར་གྲོས་བསྡུར་བྱེད་པར་ངོ་རྒོལ་བྱེད་མི་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག