མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིས་ཝེ་ནེ་ཙུའི་ལའི་ཕྱི་འབྲེལ་དཔོན་རིགས་གསུམ་ཨ་རི་ནས་ཕྱིར་འབུད་བྱ་རྒྱུའི་ཐག་བཅད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-07 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་རྒྱལ་དོན་ཁང་གིས་སྤྱི་ཟླ10བའི་ཚེས4ཉིན། ཨ་རིའི་ཕྱོགས་ནས་ཨ་རིར་བཅའ་སྡོད་ཝེ་ནེ་ཙུའི་ལའི་གཞུང་ཚབ་ཁང་གི་ལས་ཚབ་ཚུད་པའི་ཝེ་ནེ་ཙུའི་ལའི་ཕྱི་འབྲེལ་དཔོན་རིགས་གསུམ་ཨ་རི་ནས་ཕྱིར་འབུད་བྱ་རྒྱུའི་ར་སྤྲོད་བྱས་ཡོད་པ་རེད།

ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པ་མ་ལེ་ཧ་ཧྥུས། སྤྱི་ཚེས1ཉིན་གྱི་དགོང་མོ། ཨ་རིའི་ཕྱོགས་ནས་ཝེ་ནེ་ཙུའི་ལའི་ཕྱོགས་ལ་ཕྱི་འབྲེལ་དཔོན་རིགས་གསུམ་པ་དེ་དག་ཕྱིར་འབུད་བྱ་རྒྱུ་དང་། ཆུ་ཚོད48རིང་ཨ་རི་ནས་ཁ་བྲལ་དགོས་པའི་དུས་བཀག་བཟོས་པའི་བརྡ་ཐོ་བཏང་ཡོད་ཅེས་གསུངས་ཡོད་པ་རེད།

དེ་ནི་འདི་ལོ་ཨ་རི་དང་ཝེ་ནེ་ཙུའི་ལ་རྒྱལ་ཁབ་གཉིས་པོ་ཕྱི་འབྲེལ་ཐད་གནས་ཚུལ་ལྷག་ཐེངས་དང་པོ་དེ་མིན་པ་རེད། འདི་ལོའི་སྤྱི་ཟླ3པའི་ཚེས5ཉིན། ཝེ་ནེ་ཙུའི་ལ་སྲིད་གཞུང་གིས་ཝེ་ནེ་ཙུའི་ལར་བཅའ་སྡོད་ ཨ་རིའི་དྲག་ཆས་དཔོན་རིགས་གཉིས་ཕྱིར་འབུད་བྱས་ཡོད། དེའི་རྒྱུ་མཚན་དུ་ཁོང་ཚོས་ཝེ་ནེ་ཙུའི་ལའི་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་རྩིས་བྱས་ཡོད་པ་རེད། ལན་དུ། ཨ་རིས་དེའི་རྗེས་སུ་ཨ་རིར་བཅའ་སྡོད་ཝེ་ནེ་ཙུའི་ལའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་གཉིས་ཕྱིར་འབུད་བྱས་ཡོད་པ་རེད།

ཝེ་ནེ་ཙུའི་ལ་དང་ཨ་རི་རྒྱལ་ཁབ་གཉིས་པོ་སྤྱི་ལོ2010ལོའི་ཟླ7པ་ཚུན་ནས་ཕན་ཚུན་ཕོ་ཉ་མངགས་རེས་བྱས་མེད་པ་དང་། ལས་ཚབ་ཁང་ནི་རྒྱལ་ཁབ་གཉིས་པོས་ཕ་རོལ་རྒྱལ་ཁབ་དུ་ཡོད་པའི་ཆེད་མཐོའི་ཕྱི་འབྲེལ་དཔོན་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག