ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་ཐུར་ཁེའི་རྒྱལ་དམངས་གྲོས་ཁང་ནས་གྲོས་གཞི་ཞིག་ལ་གྲོས་འཆམ་བྱུང་སྟེ། ཐུར་ཁེའི་སྲིད་གཞུང་གིས་དམག་དོན་ལ་བརྟེན་ནས་སི་རི་ཡཱ་ལ་ཐེ་གཏོགས་བྱེད་པའི་གྲོས་གཞིའི་ཡུན་ཚད་ལོ1གིས་ཇེ་རིང་དུ་གཏོང་བར་ཆོག་མཆན་བཀོད།
ཐུར་ཁེའི་སྲིད་གཞུང་གིས་དམག་དོན་ལ་བརྟེན་ནས་སི་རི་ཡཱ་ལ་ཐེ་གཏོགས་བྱེད་པའི་གྲོས་གཞིའི་ཡུན་ཚད་ལོངས་ལ་ཉེ་བའི་སྐབས་སུ། ཐུར་ཁེའི་སྲིད་གཞུང་གིས་ཡང་བསྐྱར་གྲོས་གཞི་དེར་བཟོ་བཅོས་བྱས་རྗེས་རྒྱལ་དམངས་གྲོས་ཁང་ལ་གྲོས་བསྡུར་བྱེད་པར་སྤྲད་ནས་ཡུན་ཚད་ཇེ་རིང་དུ་གཏོང་དགོས་པའི་རེ་བ་བཏོན། གྲོས་གཞི་དེ་ལས་སི་རི་ཡཱ་ཡི་ཐུར་ཁེ་ལ་ཐེབས་པའི་འཇིགས་ཉེན་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པས། ཐུར་ཁེ་རྒྱལ་ཁབ་ཀྱིས་དམག་དོན་ལ་བརྟེན་ནས་སི་རི་ཡཱ་ལ་ཐེ་གཏོགས་བྱེད་པའི་གྲོས་གཞིའི་ཡུན་ཚད་ལོ་གཅིག་གིས་ཇེ་རིང་དུ་གཏོང་བའི་གྲོས་གཞི་བཏོན་ཡོད།
2012ལོའི་སྤྱི་ཟླ10བའི་ཚེས4ཉིན། ཐུར་ཁེའི་རྒྱལ་དམངས་གྲོས་ཁང་གིས་འདེམ་ཤོག་འཕང་སྟེ་སྲིད་གཞུང་གིས་དམག་དོན་ལ་བརྟེན་ནས་སི་རི་ཡཱ་ལ་ཐེ་གཏོགས་བྱེད་པའི་གྲོས་གཞི་ལ་གྲོས་མཐུན་བཀོད་པ་དང་། དེའི་ནུས་ལྡན་ཡུན་ཚད་ལོ1རེད། །