མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་ལེ་པཱ་ནུན་དུ་བྲོས་བྱོལ་བྱས་པའི་སི་རི་ཡཱའི་ཡུལ་གྱར་བ780000ཙམ་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་ཁང་གིས་སྤྱི་ཟླ10བའི་ཚེས5ཉིན་པེ་རུ་ཐི་ནས་སྙན་ཞུ་སྤེལ་ཏེ། ད་ལྟའི་བར་ལེ་པཱ་ནུན་དུ་བྲོས་བྱོལ་བྱས་ཏེ་ཡུལ་གྱར་བའི་ཐོབ་ཐང་འཚོལ་ཞིབ་བྱེད་པའི་སི་རི་ཡཱའི་མི789000ཡོད་པ་དང་། གཟའ་འཁོར་སྔོན་མ་ལས་མི11000ཇེ་མང་དུ་སོང་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། སི་རི་ཡཱའི་ཡུལ་གྱར་བ་དེ་དག་གི་ཁྲོད་དུ་མི678000ཀྱིས་ཡུལ་གྱར་བའི་ལས་དོན་ཁང་ནས་ཐོ་འགོད་བྱས་ཡོད་པ་དང་། གཞན་ཡང་མི11000ལྷག་གིས་ཐོ་འགོད་བྱེད་པར་སྒུག་ཡོད། གཟའ་འཁོར་སྔོན་མར་ཡུལ་གྱར་བའི་ལས་དོན་ཁང་གིས་བསྡོམས་པས་མི13000ཐོ་འགོད་བྱས་ཡོད་ལ། ཡུལ་གྱར་བ་དེ་དག་མང་ཤོས་སི་རི་ཡཱ་དང་ཉེ་བའི་བྱང་ཕྱོགས་དང་ཤར་ཕྱོགས་ས་ཁུལ། དེ་མིན་རྒྱལ་ས་པེ་རུ་ཐི་དང་ལྷོ་ཕྱོགས་ས་ཁུལ་བཅས་སུ་བཀོད་སྒྲིག་བྱས་ཡོད།

སྙན་ཞུ་ལས་བཤད་རྒྱུར། གཟའ་འཁོར་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱི་དང་ས་གནས་རྒུད་སྐྱོབ་ལས་ཁུངས་ཀྱིས་སི་རི་ཡཱའི་ཡུལ་གྱར་བ7500ལ་སྡོད་གནས་བཀོད་སྒྲིག་བྱས་པ་དང་། སི་རི་ཡཱའི་ཡུལ་གྱར་བ32600ལ་ཟས་རིགས་བྱིན་པར་མ་ཟད། ཡུལ་གྱར་བ6000ཙམ་ལ་འཚོ་བའི་ཉེར་མཁོའི་ཡོ་བྱད་འདོན་སྤྲོད་བྱས་པ་དང་། ཡུལ་གྱར་བ2773ལ་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་ཡོད་ཟེར།

སྙན་ཞུ་ལས་བསྟན་དོན། སློབ་ལོ་གསར་བའི་མགོ་བརྩམས་པ་དང་བསྟུན་ནས་ཡུལ་གྱར་བའི་ལས་དོན་ཁང་གིས་ལེ་པཱ་ནུན་གྱི་སློབ་གསོ་སྡེ་ཁག་ལ་མཐུན་སྦྱོར་བྱས་ཏེ། སི་རི་ཡཱའི་ཡུལ་གྱར་བའི་བྱིས་པ་ལེ་པཱ་ནུན་གྱི་སློབ་གྲྭར་ཞུགས་པར་གང་ནུས་ཀྱིས་འབད་བརྩོན་བྱས་པ་དང་། མིག་སྔར་སི་རི་ཡཱའི་བྱིས་པ་སློབ་གྲྭར་ཞུགས་པའི་ཐོ་འགོད་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། སི་རི་ཡཱའི་ཡུལ་གྱར་བའི་ཁྲོད་སློབ་ལོ་རན་པའི་བྱིས་པ350000ཡོད་ཅིང་། ལེ་པཱ་ནུན་གྱི་ད་ཡོད་སློབ་མ་ལས་ཀྱང་མང་བས། སློབ་ཁང་དང་དགེ་རྒན་ལ་དཀའ་ཁག་ཆེན་པོ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག