མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་རྒྱལ་ཁབ་ཀྱིས་འཐབ་འཛིང་གནམ་གྲུ་བཀོལ་ནས་སི་རི་ཡཱའི་འཐབ་འཛིང་གནམ་གྲུ་ཕར་སྐྲད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་སྤྱི་ཟླ10བའི་ཚེས5ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཐུར་ཁེ་རྒྱལ་ཁབ་ཀྱིས་ཉིན་དེར་སི་རི་ཡཱའི་འཐབ་འཛིང་གནམ་གྲུ་ཞིག་སི་རི་ཡཱ་དང་ཐུར་ཁེའི་རྒྱལ་མཚམས་ཉེ་སར་འཕུར་བ་ཤེས་ནས། ཐུར་ཁེའི་མཁའ་དམག་གིས་མྱུར་དུ་འཐབ་འཛིང་གནམ་གྲུ་གཉིས་བཀོད་སྒྲིག་བྱས་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེ་རྒྱལ་ཁབ་ཀྱིས་ཉིན་དེའི་སྔ་དྲོར་སི་རི་ཡཱའི་འཐབ་འཛིང་གནམ་གྲུ་ཞིག་ཐུར་ཁེ་དང་སི་རི་ཡཱའི་རྒྱལ་མཚམས་ཀྱི་ཅཱ་ཅི་ཨན་ཐེ་ཕུའུ་དང་ཧཱ་ཐཱ་དབྱེ་ཞིང་ཆེན་ས་ཁུལ་དུ་འཕུར་བ་ཤེས་ནས། ཐུར་ཁེའི་མཁའ་དམག་གིས་མྱུར་དུ་ལྷོ་ཕྱོགས་ཀྱི་ཨ་ཏཱ་ནཱ་ཞིང་ཆེན་གྱི་ཡུན་ཅིར་ལེ་ཁི་དམག་དོན་རྟེན་གཞི་ནས་འཐབ་འཛིང་གནམ་གྲུ་གཉིས་མངག་གཏོང་བྱས་ཏེ་རྒོལ་ལན་སྤྲོད་རྩིས་བྱས། སི་རི་ཡཱའི་འཐབ་འཛིང་གནམ་གྲུ་དེས་མྱུར་མོར་ཁ་ཕྱོགས་བསྒྱུར་ནས་ཕྱིར་ལོག་པ་དང་། ཉིན་དེའི་ཕྱི་དྲོར་ཐུར་ཁེའི་མཁའ་དམག་གིས་འཐབ་འཛིང་གནམ་གྲུ་གཉིས་བཀོད་སྒྲིག་བྱས་ཏེ་སྐོར་གཡེང་བྱེད་དུ་བཅུག

སྤྱི་ཟླ9བའི་ཚེས16ཉིན། ཐུར་ཁེའི་ཙུང་ལི་གཞོན་པ་ཨ་ལིན་ཆི་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སི་རི་ཡཱའི་དྲག་ཆས་གྱེན་འཕུར་གནམ་གྲུ་ཞིག་གིས་ཉིན་དེར་ཐུར་ཁེའི་མཐའ་སྲུང་དམག་དཔུང་གིས་ཉེན་བརྡ་བཏང་བར་ཁ་ཡ་མ་བྱས་པར་ཐུར་ཁེའི་མཁའ་ཁོངས་སུ་འཕུར་བ་དང་། དེའི་རྗེས་སུ་མཱ་ལཱ་ཏིས་ཡཱ་རྟེན་གཞི་ནས་ཡོང་བའི་ཐུར་ཁེའི་མཁའ་དམག་གི་འཐབ་འཛིང་གནམ་གྲུས་འཕུར་མདའ་བཏང་ནས་གྱེན་འཕུར་གནམ་གྲུ་དེ་སར་འཕང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག