མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་པན་དང་ཨ་རིས་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲོས་མོལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-05 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས3ཉིན་ལྗར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐན་ཝན་ཞོང་དང་། འགོག་སྲུང་བློན་ཆེན་ཞའོ་ཡེ་སི་ཝུ་ཏན་གྱིས། ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལེ་དང་རྒྱལ་སྲུང་པུའུ་ཀྲང་ཧ་གར་དང་མཉམ་དུ་ཐུ་ཁེའུ་དུ་ཡོད་པའི་ལྗར་པན་དང་ཨ་རིའི་བདེ་སྲུང་གྲོས་མོལ་ཨུ་ཡོན་ལྷན་ཁང་དུ་མཇལ་མོལ་གནང་ཡོད་པ་རེད། ཕྱོགས་གཉིས་པོས་ལྗར་པན་གྱི་རང་སྲུང་རུ་ཁག་དང་ཨ་རིའི་དམག་གི་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། དུས་སང་གི་ལོ་མཇུག་གོང་དུ་ལྗར་པན་དང་ཨ་རིའི་འགོག་སྲུང་མཉམ་ལས་བྱེད་ཕྱོགས་ལ་བཟོ་བཅོས་རྒྱག་རྒྱུ་ལེགས་གྲུབ་ཟིན་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཕྱོགས་གཉིས་པོས་མཇལ་མོལ་གནང་མཇུག་གྲུབ་རྗེས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ལོ་ངོ16གོང་ནས་བཟོ་བཅོས་རྒྱབ་པའི་ལྗར་པན་དང་ཨ་རིའི་འགོག་སྲུང་མཉམ་ལས་བྱེད་ཕྱོགས་ལ་བཟོ་བཅོས་བྱས་ཏེ། ལྗར་པན་དང་ཨ་རིའི་མནའ་གྲོགས་ཀྱི་བློས་འགེལ་ཆོག་པའི་རང་བཞིན་འགན་ལེན་བྱ་རྒྱུ་ཡིན། ཨ་རིས་ལྗར་པན་སྲིད་གཞུང་ནས་མཉམ་སྡེབ་རང་སྲུང་དབང་ཆ་ལག་བསྟར་བྱེད་པའི་སྐོར་གྱི་རྩ་ཁྲིམས་གསལ་བཤད་བཟོ་བཅོས་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་འཐབ་ཇུས་བཟོ་བ། འགོག་སྲུང་སྔོན་རྩིས་མང་དུ་གཏོང་བ་སོགས་ལ་དགའ་བསུ་ཞུ་བའི་རྣམ་པ་བསྟན་ཡོད་པ་དང་། ལྗར་པན་དང་མཉམ་ལས་དམ་ཟབ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག