མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུ་དང་རྒྱ་གར་གྱིས་མཉམ་འབྲེལ་དམག་དོན་ནང་སྦྱོང་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-05 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཤར་རྒྱུད་དམག་ཁུལ་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཀར་ཅི་ཡེ་ཧྥུས་སྤྱི་ཟླ10བའི་ཚེས3ཉིན། ཨུ་རུ་སུ་དང་རྒྱ་གར་གྱིས་འདི་ཟླའི་ཚེས18ཉིན་ནས་ཚེས28ཉིན་བར་རྒྱ་གར་གྱི་མ་ཧ་ཀྲན་ཚ་ཁ་ལྟ་སར་དབྱིན་ཏ་ལེ2013ཞེས་པའི་མཉམ་འབྲེལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་ནང་སྦྱོང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཀར་ཅི་ཡེ་ཧྥུས། ཨུ་རུ་སུའི་ཤར་རྒྱུད་དམག་ཁུལ་ཁང་གིས་པུ་ལི་ཡ་ཐེ་སྤྱི་མཐུན་རྒྱལ་ཁབ་ཏུ་བཀོད་སྒྲིག་བྱས་པའི་འཕྲལ་རྒོལ་རུ་ཁག་གི་རུ་མི250ད་རེས་ཀྱི་ནང་སྦྱོང་ནང་ཞུགས་རྒྱུར་མངགས་གཏོང་བྱས་ཡོད་པ་དང་། རྒྱ་གར་ཕྱོགས་ཀྱི་ནང་སྦྱོང་ནང་ཞུགས་མཁན་མི་གྲངས་ཡང་ཨུ་རུ་སུ་དང་གཅིག་པ་ཡིན་པ་རེད།

ད་རེས་ཀྱི་ནང་སྦྱོང་གི་དམིགས་ཡུལ་ནི་ཨུ་རུ་སུ་དང་རྒྱ་གར་གྱི་སྐམ་དམག་ནས་ཐུན་མོང་ཐོག་ཁྲིམས་འགལ་གྱི་དྲག་ཆས་སྟོབས་ཤུགས་འཚོལ་ཞིབ་བྱེད་པ་དང་། མཐའ་སྐོར་བ། རྩ་མེད་པ་བཟོ་བ་བཅས་ཀྱི་ནུས་པ་མཐོ་རུ་གཏོང་ཆེད་ཡིན་པ་རེད།

མིང་ལ་དབྱིན་ཏ་ལེ་ཟེར་བའི་ཨུ་རུ་སུ་དང་རྒྱ་གར་གྱི་མཉམ་འབྲེལ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་ནང་སྦྱོང་དེ་སྤྱི་ལོ2003ལོར་ཐེངས་དང་པོ་བྱས་ཡོད་པ་དང་། དེ་རྗེས་ལོ་གཉིས་རེར་ནང་སྦྱོང་ཐེངས་རེ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག