མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུ་དང་ཨ་རིའི་ཙུང་ཐུང་གཉིས་མཇལ་མོལ་གནང་རྩིས་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-05 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཙུང་ཐུང་གི་ཕྱི་འབྲེལ་ལས་དོན་ལས་རོགས་ཝུ་ཧྲ་ཁེ་ཧྥུས་སྤྱི་ཟླ10བའི་ཚེས3ཉིན། ཨུ་རུ་སུ་དང་ཨ་རིའི་ཙུང་ཐུང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས24པར་ཞུགས་རིང་མཇལ་མོལ་གནང་ཐུབ་བཟོ་ཡོད་པ་དང་། མིག་སྔར་ཕྱོགས་གཉིས་པོས་མཇལ་མོལ་གྱི་ནང་དོན་ཐད་གྲོས་མོལ་བྱེད་བཞིན་ཡོད་ཅེས་བསྟན་ཡོད།

ཝུ་ཧྲ་ཁེ་ཧྥུས། ཕུ་ཅིང་དང་ཨའོ་པ་མས་སྤྱི་ཟླ10བའི་ཚེས7ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལི་ཏའོ་གླིང་ཕྲན་དུ་མཇལ་མོལ་གནང་ནས། གནད་དོན་རབ་དང་རིམ་པའི་ཐད་གྲོས་མོལ་གནང་བཟོ་ཡོད། དེའི་ཁྲོད་གྲོས་གཞི་གཙོ་བོ་ནི་སི་རི་ཡའི་གནས་བབ་ཡིན་ཞེས་གསུངས་ཡོད་པ་དང་། ཁོང་གིས་ཨུ་རུ་སུས་ད་རེས་ཀྱི་མཇལ་མོལ་ཁྲོད་སི་རི་ཡའི་གནད་དོན་ཐད་གྲོས་འགོ་གསར་པ་འདོན་མི་སྲིད་ཅེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག