མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྲིད་གཞུང་སྒོ་རྒྱབ་པའི་རྐྱེན་གྱིས་ཨའོ་པ་མས་ཨེ་ཤ་ཡར་འཚམས་འདྲི་གནང་རྒྱུ་མེད་པ་བཟོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-05 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཕོ་བྲང་དཀར་པོས་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ10བའི་ཚེས3ཉིན་གྱི་དགོང་མོ། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ལྟེ་བ་མིན་པ་ཚན་པ་སྒོ་རྒྱབ་པའི་རྐྱེན་གྱིས། ཨ་རིའི་ཙུང་ཐུང་ཨའོ་པ་མས་དེའི་སྔོན་དུ་གཏན་འཁེལ་བྱས་པའི་སྤྱི་ཟླ10བའི་ཚེས5ཉིན་ནས་བཟུང་ཨེ་ཤ་ཡའི་རྒྱལ་ཁབ་བཞིར་འཚམས་འདྲིར་སྐྱོད་རྒྱུ་མེད་པ་བཟོས་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཕོ་བྲང་དཀར་པོས། ཨའོ་པ་མས་མུ་མཐུད་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མནའ་གྲོགས་དང་མཉམ་ལས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་དང་། སླད་ཕྱིན་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་འཚམས་འདྲི་ཞུ་རྒྱུའི་གོ་སྐབས་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཨའོ་པ་མས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་སུ་ཞི་ལོ་དང་། པུ་རུ་ནེའི་རྒྱལ་ཁབ་ཀྱི་གཙོ་བདག་ཧ་སང་ནར་ཞལ་པར་བསྐྱོན་ནས། རང་ཉིད་བློ་ཕམ་བྱུང་བའི་རྣམ་པ་བསྟན་ཡོད་པ་མ་ཟད། ཨ་རི་དང་ཧིན་རྡུ་ཉི་ཞི་ཡ་དང་པུ་རུ་ནེའི་འབྲེལ་བའི་གལ་ཆེའི་རང་བཞིན་ལ་སླར་ཡང་གདེང་འཇོག་གནང་ཡོད་ཅེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག