མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ཐཱ་ལེ་ནས་བྱུང་བའི་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་ལས་མི300ལྷག་རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་ལྷོ་ཕྱོགས་ཀྱི་མཚོ་ཁོངས་ནས་སྤྱི་ཟླ10བའི་ཚེས3ཉིན་མི500དྲུད་པའི་ལྐོག་འདྲེན་གྲུ་གཟིངས་ཤིག་རྒྱ་མཚོར་ནུབ་པའི་དོན་རྐྱེན་བྱུང་། དོན་རྐྱེན་དེ་བྱུང་ནས་དུས་ཚོད12འགོར་རྗེས། ཉུང་མཐར་ཡང་མི150བསྐྱབས་པ་དང་། མཇུག་མཐའི་ཤི་བོའི་ཁ་གྲངས་མི300ལྷག་ལ་འཕར།

ཚེས3ཉིན་གྱི་ཞོགས་པར། ཨ་ཧྥེ་རི་ཁ་གླིང་གི་གནས་སྤོར་སྡོད་དམངས་དྲུད་ཡོད་པའི་གྲུ་གཟིངས་དེ་དབྱི་ཐཱ་ལེའི་ཆེས་ལྷོ་ངོས་ཀྱི་ལན་ཕའེ་ཏུའུ་སཱ་གླིང་ཕྲན་གྱི་མཚོ་ཁོངས་ནས་མེར་འབར་ཏེ་རྒྱ་མཚོར་ནུབ། དོན་རྐྱེན་བྱུང་ས་དེ་གྲུ་ཁ་དང་བར་ཐག་སྤྱི་ལེ1ཙམ་ལས་མེད།

དབྱི་ཐཱ་ལེའི་ཙུང་ལི་གཞོན་པ་དང་ནང་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཨར་ཧྥ་ནོའུ་ཡིས་ཐོག་མའི་སྙན་ཞུའི་ནང་མི93རྐྱེན་ལམ་དུ་ཤོར་བར་བཤད་ཀྱང་། རྒུད་སྐྱོབ་མི་སྣས་དེའི་རྗེས་སུ་གྲུ་གཟིངས་ནུབ་སའི་ཉེ་འཁོར་ནས་ཉུང་མཐར་ཡང་བེམ་པོ40ལྷག་རྙེད། དེ་ནི་དབྱི་ཐཱ་ལེའི་ལྷོ་ཕྱོགས་ཀྱི་ས་དཀྱིལ་མཚོ་ཁོངས་ནས་བྱུང་བའི་ལྐོག་འདྲེན་དོན་རྐྱེན་ཞིག་ཡིན་པ་དང་། གྲུ་གཟིངས་ཆག་སྒོ་ལས་ཐེངས་གཅིག་ལ་རྐྱེན་ལམ་དུ་ཤོར་བའི་མི་ཆེས་མང་བའི་དོན་རྐྱེན་ཞིག་ཀྱང་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག