མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་དཔོན་པོ་གསུམ་མཐར་སྐྲོད་བཏང་བ་ཁས་ལེན་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཞི་ཉིན་ཁས་ལེན་བྱས་དོན། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཨ་མེ་རི་ཁར་སྡོད་པའི་ཝེ་ནེ་ཙུའེ་ལཱའི་གཞུང་ཚབ་ཁང་གི་གཞུང་ཚབ་པ་ཚབ་མ་དང་བཅས་པའི་ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་དཔོན་པོ་གསུམ་མཐར་སྐྲོད་བཏང་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཧཱ་ཧྥུའུ་ཡིས་ཉིན་དེར་གནས་ཚུལ་དེ་ཁྱབ་སྒྲོག་བྱས་པ་རེད། ཚེས་གཅིག་ཉིན་གྱི་དགོང་མོར། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལཱའི་ཕྱོགས་ལ་ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་དཔོན་པོ་གསུམ་མཐར་སྐྲོད་གཏོང་རྒྱུའི་བརྡ་བཏང་བ་དང་། ཁོ་ཚོ་དུས་ཚོད48རིང་ཨ་མེ་རི་ཁ་དང་ཁ་འབྲལ་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཧཱ་ཧྥུའུ་ཡིས་བསྟན་དོན། ཨ་མེ་རི་ཁས་བལྟས་ན། རྒྱུན་ལྡན་གྱི་ཨ་མེ་རི་ཁ་དང་ཝེ་ནེ་ཙུའེ་ལཱའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་འཚམས་ཤིང་། རྒྱལ་ཁབ་གཉིས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་། དུག་འགོག དཔལ་འབྱོར་ཉོ་ཚོང་སོགས་མཉམ་ལས་ཁྱབ་ཁོངས་སུ་གྲོས་བསྡུར་གང་མང་བྱས་པ་དང་། དེ་ནི་ཕྱོགས་གཉིས་ཀྱིས་དོ་སྣང་བྱེད་པའི་གནད་དོན་ངོ་མ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག