མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱི་འདེམ་བསྐོ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་པའི་སྲིད་ཏང་གིས་སྲིད་གཞུང་གསར་བའི་ནེ་ཀི་འཛུགས་པའི་སྐོར་ཐེངས་དང་པོའི་གྲོས་མོལ་བྱེད་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་འདེམ་བསྐོ་ཆེན་མོའི་མཇུག་འབྲས་ཁྱབ་སྒྲོག་བྱས་ནས་གཟའ་འཁོར་གཉིས་ཙམ་འགོར་བའི་རྗེས་སུ། རྒྱལ་ཁ་ཐོབ་པའི་ཡེ་ཤུའི་ཆོས་ལུགས་དམངས་གཙོའི་མནའ་འབྲེལ་གྱིས་སྤྱི་ཟླ10བའི་ཚེས4ནས་བཟུང་སྤྱི་ཚོགས་དམངས་གཙོའི་ཏང་བར་འབྲེལ་འདྲིས་བྱས་ཏེ། སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་སྐོར་ཐེངས་དང་པོའི་གྲོས་མོལ་བྱེད་མགོ་བརྩམས།

སྐབས་འདིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་འདེམ་བསྐོ་ཆེན་མོའི་ཁྲོད། ཡེ་ཤུའི་ཆོས་ལུགས་དམངས་གཙོའི་མནའ་འབྲེལ་ལ་རྒྱལ་ཁ་ཐོབ་ཡང་། གྲོས་ཁང་གི་ལས་གནས་མང་ཤོས་ཟིན་པར་ད་རུང་ལས་གནས་ལྔ་ཆད་པས། ངེས་པར་དུ་སྤྱི་ཚོགས་དམངས་གཙོའི་ཏང་དང་ལྗང་མདོག་ཏང་བར་མཉམ་འབྲེལ་སྲིད་གཞུང་འཛུགས་དགོས་བྱུང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག