མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ཨེ་ཅིབ་ཀྱི་འདུ་ཚོགས་བྱ་འགུལ་སྟེང་དྲག་ཤུགས་བྱ་སྤྱོད་སྤེལ་མི་རུང་བའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ10བའི་ཚེས4ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་ཉིན་དེར་བྱུང་བའི་དྲག་ཤུགས་དོན་རྐྱེན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པར་མ་ཟད། ཨེ་ཅིབ་ཀྱིས་ཚེས་དྲུག་ཉིན་སྤེལ་རྒྱུ་ཡིན་པའི་འདུ་ཚོགས་བྱ་འགུལ་སྟེང་དྲག་ཤུགས་བྱ་སྤྱོད་སྤེལ་མི་རུང་བའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་ཚེས6ཉིན་འདུ་ཚོགས་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས་པར་དམིགས་ཏེ། ཕན་ཅི་བུན་གྱིས་ཞི་བའི་ཁྲོམ་སྐོར་བྱེད་པ་དང་། འདུ་ཚོགས་ཀྱི་རང་དབང་ལ་བརྩི་འཇོག་བྱེད་པ། དྲག་ཤུགས་འབྱུང་བར་སྔོན་འགོག་བྱེད་པ་བཅས་ཧ་ཅང་གལ་ཆེན་ཡིན་པ་ནན་བཤད་བྱས།

ཕན་ཅི་བུན་གྱིས་བསྐྱར་སྒྲོག་བྱས་དོན། ཞི་བའི་དམངས་གཙོའི་བར་བརྒལ་གྱི་རྨང་གཞི་ཡིན་པའི་ཆ་ནས། ཆབ་སྲིད་ཐད་ནས་ཕྱོགས་སོ་སོར་བཟོད་སྒོམ་བྱེད་པ་དང་། བཀག་འཇུག་བྱས་པའི་མིའི་འགྲོ་མིའི་ཐོབ་ཐང་སོགས་བརྩི་འཇོག་བྱས་ཏེ་ཁྲིམས་སྐྱོང་ལ་ཁག་ཐེག་བྱེད་དགོས། དེ་ནི་ཨེ་ཅིབ་དབང་འཛིན་ལས་ཁུངས་ཀྱིས་ལག་བསྟར་བྱེད་པའི་ལམ་ཐིག་འཆར་ཟིན་ཁྲོད་ཁས་ལེན་བྱས་པའི་རྩ་དོན་རེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབང་ཆ་བླངས་པའི་ཙུང་ཐུང་མུའུ་ཨར་ཞི་ཡི་རྒྱབ་སྐྱོར་མཁན་དང་། ངོ་རྒོལ་མཁན། བདེ་འཇགས་དམག་དཔུང་བཅས་ཀྱི་བར་ཚེས་བཞི་ཉིན་ཁེ་རོ་སོགས་ཨེ་ཅིབ་ཀྱི་གྲོང་ཁྱེར་གཙོ་བོ་དག་ནས་འཁྲུག་རྩོད་བྱུང་སྟེ། མི4རྐྱེན་ལམ་དུ་ཤོར་བ་དང་། མི10ཕྲག་འགའ་ལ་རྨས་ཕོག དེ་ལས་གཞན་མུའུ་ཨར་ཞི་ཡི་ངོ་རྒོལ་མཁན་གྱིས་ཚེས6ཉིན་ཁེ་རོ་གྲོང་ཁྱེར་ལྟེ་གནས་ཀྱི་བཅིངས་འགྲོལ་ཐང་ཆེན་ནས་འདུ་ཚོགས་བསྡུས་ཏེ་སྤྱི་ཟླ10བའི་འཐབ་འཁྲུག་བྱུང་ནས་ལོ་ངོ40འགོར་བར་རྗེས་དྲན་བྱེད་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག