ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས3ཉིན་དབྱི་ཐཱ་ལེའི་ལན་ཕའེ་ཏུའུ་སཱ་གླིང་ཕྲན་ནས་ལྐོག་འདྲེན་གྲུ་གཟིངས་ཤིག་ལ་ཆག་སྒོ་བྱུང་སྟེ་ཉུང་མཐར་ཡང་མི130རྐྱེན་ལམ་དུ་ཤོར།
དབྱི་ཐཱ་ལེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་བཤད་རྒྱུར། མིག་སྔར་བེམ་པོ་གོ་བཞི་རྙེད་པ་དང་། མཚོ་ནང་དུ་ནུབ་པའི་གྲུ་གཟིངས་སྟེང་ནས་བེམ་པོ་བཞི་བཅུ་རྙེད།
བསྒྲགས་པའི་གནས་ཚུལ་ལྟར་ན། ཤི་བོའི་ཁྲོད་བྱིས་པ4ཡོད་ཟེར། དབྱི་ཐཱ་ལེའི་ཉེན་རྟོག་ཕྱོགས་ཀྱིས་ལྐོག་འདྲེན་ལ་རྩ་འཛུགས་བྱས་པའི་དོགས་ཡོད་མི་སྣ་ཞིག་འཛིན་བཟུང་བྱས།
ཁྲིམས་འགལ་གནས་སྤོར་སྡོད་དམངས500དྲུད་ཡོད་པའི་གྲུ་གཟིངས་ཤིག་དབྱི་ཐཱ་ལེའི་ལན་ཕའེ་ཏུའུ་སཱ་གླིང་ཕྲན་དང་བར་ཐག་སྤྱི་ལེ་གཅིག་ཙམ་ལས་མེད་པའི་མཚོ་ཁོངས་ནས་ཆག་སྒོ་བྱུང་བ་དང་། མིག་སྔའི་བར་དབྱི་ཐཱ་ལེའི་མཚོ་འགྲམ་ཉེན་རྟོག་པས་མི་བརྒྱ་དང་ལྔ་བཅུ་སྲོག་ཉེན་ལས་བསྐྱབས་ཀྱང་། ད་རུང་མི་བརྒྱ་ཕྲག་ལྷག་གར་སོང་རྙེད་མེད་ཟེར།
རྒུད་སྐྱོབ་ལ་ཞུགས་པའི་དམག་མི་ཞིག་གིས་བཤད་རྒྱུར། ལྐོག་འདྲེན་བྱེད་སྐབས་གླིང་ཕྲན་སྟེང་གི་སྣེ་ལེན་མཁན་ལ་བརྡ་གཏོང་བའི་ཆེད་དུ་གྲུ་གཟིངས་དེའི་སྟེང་གི་མི་སྣས་ཕྱིང་བ་ཞིག་མེར་སྒྲོན་པ་དང་། དེའི་དབང་གིས་གྲུ་གཟིངས་དེར་མེ་སྐྱོན་བྱུང་བ་རེད་ཟེར། །