མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁའི་སྲིད་གཞུང་སྒོ་བརྒྱབ་པ་དེས་གནས་སྐབས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁའི་ཉོ་ཚོང་གྲོས་མོལ་ལ་གནོད་པ་ཐེབས་མི་སྲིད་པ་ཁས་ལེན་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-04 11:13

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ཉོ་ཚོང་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཁི་ལན་ཞི་ཡིས་ཚེས3ཉིན་ཨ་མེ་རི་ཁའི་གྲོས་མོལ་འཐུས་མིའི་བརྡ་འབྱོར་ཡོད་པ་དང་། སྲིད་གཞུང་གི་སྒོ་བརྒྱབ་ཀྱང་ཨ་མེ་རི་ཁའི་ཕྱོགས་ཀྱི་ཉོ་ཚོང་གྲོས་མོལ་ཚོགས་ཁག་གིས་གཟའ་འཁོར་རྗེས་མའི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་སྐོར་ཐེངས་གཉིས་པའི་གྲོས་མོལ་ལ་གྲ་སྒྲིག་བྱས་ཡོད་ཟེར།

ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ10བའི་ཚེས7ཉིན་ནས་ཚེས11ཉིན་བར་པུའུ་ལུའུ་སེར་ནས་ཕྱོགས་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་སྐོར་ཐེངས་གཉིས་པའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད་ཡོད། རྒྱལ་ཚོགས་ཏང་ཁག་གཉིས་ཀྱིས་སྔོན་རྩིས་གནད་དོན་ཐད་རྩོད་པ་བྱས་པའི་དབང་གིས་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྡེ་ཁག་གཙོ་བོ་རེ་འགའ་ཉེ་སྔོན་སྒོ་མི་བརྒྱག་ཐབས་མེད་བྱུང་། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁའི་བར་གྱི་ཉོ་ཚོང་གྲོས་མོལ་ལ་གནོད་པ་ཐེབས་པར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད།

ཨ་མེ་རི་ཁ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་ལྟ་ཞིབ་དོ་དམ་མ་ལག་མཉམ་བསྲེས་བྱས་ཏེ། ཉོ་ཚོང་ཁྱབ་ཁོངས་སུ་འཛམ་གླིང་རང་བཞིན་གྱི་སྒྲིག་སྲོལ་གཏན་འབེབས་བྱེད་པར་རེ་བ་བྱས་ཡོད་ཀྱང་། ཟས་རིགས་བདེ་འཇགས་དང་གློག་རྡུལ་སྒྲིག་ཆས། དངུལ་ལོར་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་ཚད་གཞིའི་ཐད་བར་ཁྱད་ཅུང་ཆེ་བའི་ཁར་ཨ་མེ་རི་ཁའི་སྲིད་གཞུང་གི་སྒོ་བརྒྱབ་པས་ཐབས་ཇུས་ཀྱི་ཕན་ནུས་ལ་གནོད་པ་ཐེབས་སྲིད་པས། ཚོད་དཔག་བྱས་ན་གྲོས་མོལ་ལ་འགོར་འགྱངས་བྱེད་སྲིད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག