མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱ་ནས་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི9རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-04 11:13

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ནེ་ཀྲི་རི་ཡཱའི་རྒྱལ་ཁབ་བྲེལ་མྱུར་ལས་དོན་དོ་དམ་ཅུའུ་ཡིས་ཚེས3ཉིན་བདེན་དཔང་བྱས་དོན། གནམ་གྲུ་ཆུང་བ་ཞིག་ཉིན་དེར་རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་ཀྱི་ལཱ་ཀི་སི་ཀྲིག་ནས་སར་ལྷུང་སྟེ། ཉུང་མཐར་ཡང་མི9རྐྱེན་ལམ་དུ་ཤོར་བ་དང་། མི6ལ་རྨས་ཕོག་ཟེར།

ནེ་ཀྲི་རི་ཡཱའི་ལཱ་ཀི་སི་ཀྲིག་གི་བྲེལ་མྱུར་ལས་དོན་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། གནམ་གྲུ་སར་ལྷུང་བ་ལས་མི11རྐྱེན་ལམ་དུ་ཤོར་བ་དང་། མི4ལ་རྨས་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་ཟེར།

གནམ་གྲུ་དེ་ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་ཡས་མས་སུ་ལཱ་ཀི་སི་ཀྲིག་གི་མུའུ་ཨར་ཐཱ་ལཱ་མུའུ་ཧན་མའོ་ཏི་རྒྱལ་སྤྱིའི་གནམ་གྲུའི་ཐང་ནས་ལམ་ལ་ཆས་ཏེ་བུན་ཏའོ་ཀྲིག་ཨ་ཁུའུ་ལོས་གྲོང་ཁྱེར་དུ་འཕུར། འཕུར་ནས་སྐར་མ་འགའ་འགོར་རྗེས་གནམ་གྲུ་དེ་སར་ལྷུང་བ་རེད། མིག་སྔར་གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་གསལ་བོར་མི་ཤེས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག