མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་འཛམ་གླིང་ཡོངས་ཀྱི་སྤྱི་དམངས་ཀྱིས་མཉམ་དུ་དྲང་བདེན་དང་ཞི་བདེའི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-03 11:20

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ10བའི་ཚེས2ཉིན་ནི་རྒྱལ་སྤྱིའི་དྲག་ཤུགས་མེད་པའི་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས་གཉིས་ཉིན་ཞུ་ཚིག་ཕུལ་ཏེ། འཛམ་གླིང་ཡོངས་ཀྱི་སྤྱི་དམངས་ཀྱིས་རང་ཉིད་ནས་བཟུང་སྟེ་དྲག་ཤུགས་མེད་པར་གཏོང་བ་དང་། མཉམ་དུ་ཡུན་རིང་དྲང་བདེན་དང་ཞི་བདེ། དར་རྒྱས་བཅས་ཡིན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་བུན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པའི་དྲག་ཤུགས་དང་རིག་གནས་དང་གོམས་སྲོལ་ལས་བྱུང་བའི་དྲག་ཤུགས་གང་ཡིན་རུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བའི་ཐབས་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་པ་དང་རྣམ་པ་གང་རུང་གི་དྲག་ཤུགས་མེད་པར་བཟོ་བའི་འདོད་བློ་བཅངས་ཡོད་པ་དང་། དྲག་ཤུགས་བྱ་སྤྱོད་དེ་རིགས་མེད་པར་གཏོང་བར་མི་རང་ཉིད་ལས་མགོ་རྩོམ་དགོས་པ་དང་། ཁྱིམ་ཚང་དང་སློབ་གྲྭ། བྱ་བའི་ལས་ཡུལ་བཅས་ནས་མགོ་རྩོམ་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག