མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་སི་རི་ཡཱའི་འཁྲུག་རྩོད་ཀྱི་ཕྱོགས་སོ་སོས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐད་རོགས་རམ་བྱེད་དགོས་པ་བསྐྱར་སྒྲོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-03 11:19

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས2ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐད་ནས་གྲོས་འཆམ་བྱུང་བའི་ཀྲུའུ་ཞིའི་གསལ་སྒྲོག་ལ་དགའ་བསུ་ཞུས་པ་དང་། སི་རི་ཡཱའི་ཕྱོགས་ཁག་སོ་སོས་དྲག་ཤུགས་མཚམས་བཞག་སྟེ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་རོགས་རམ་བྱེད་དགོས་པ་བསྐྱར་སྒྲོག་བྱས།

ཕན་ཅི་བུན་གྱིས་བསྟན་དོན། གལ་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་གསལ་སྒྲོག་ནང་གི་བྱེད་ཐབས་ལག་ལེན་དུ་བསྟར་ཐུབ་ན། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དགོས་གལ་ཆེ་བའི་སི་རི་ཡཱའི་མང་ཚོགས་ལ་རོགས་སྐྱོར་ཐོབ་ཐུབ་པ་དང་། དེའི་ནང་མང་ཚོགས་མང་བོ་ཞིག་ལ་ཟླ་འགའི་རིང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཅི་ཡང་ཐོབ་མེད་ཟེར།

ཕན་ཅི་བུན་གྱིས་བསྐྱར་སྒྲོག་བྱས་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་གང་ནུས་ཀྱིས་སི་རི་ཡཱའི་མངའ་ཁོངས་ཀྱི་དྲག་ཤུགས་མཚམས་འཇོག་དགོས་པའི་རེ་བ་བཏོན། ཁོས་བསྟན་དོན། སི་རི་ཡཱའི་ཕྱོགས་ཁག་སོ་སོས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པར་རོགས་རམ་བྱེད་དགོས་པ་དང་། རྒྱལ་སྤྱིའི་མི་ཆོས་རིང་ལུགས་དང་འགྲོ་མིའི་ཐོབ་ཐང་དང་འགལ་བའི་བྱ་སྤྱོད་ལ་ཆད་གཅོད་ནན་མོ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག