མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ཆེད་མཁས་ཚན་ཆུང་གིས་སི་རི་ཡཱའི་དཔོན་རིགས་དང་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-03 11:19

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པའི་སི་རི་ཡཱའི་རྫས་འགྱུར་མཚོན་ཆར་དཔྱད་ཞིབ་བྱེད་པའི་ཆེད་མཁས་ཚན་ཆུང་གིས་ཚེས2ཉིན་སི་རི་ཡཱའི་ཕྱི་འབྲེལ་དཔོན་པོ་དང་མཉམ་དུ་ཚན་ཆུང་དེའི་བྱ་བའི་ནང་རྐྱེན་ཐད་ནས་གྲོས་མོལ་བྱས།

ཆེད་མཁས་ཚན་ཆུང་དང་འབྲེལ་བའི་མི་སྣས་གསར་འགོད་པར་བདེན་དཔང་བྱས་དོན། ཚན་ཆུང་དེའི་མི་སྣས་ཉིན་དེར་སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡི་དཔོན་པོ་འགའ་དང་གྲོས་མོལ་བྱས་ཏེ། ཚན་ཆུང་དེའི་སི་རི་ཡཱའི་བྱ་བའི་ནང་རྐྱེན་གཏན་འབེབས་བྱས་པར་མ་ཟད། ཚན་ཆུང་དེས་རྫས་འགྱུར་མཚོན་ཆའི་བཟོ་སྐྲུན་དང་ཉར་འཇོག་བྱེད་ས། དེ་མིན་གནད་དོན་གཞན་པ་བཅས་གཏན་འབེབས་བྱེད་རྒྱུ་ཡིན་ཟེར།

སི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚན་ཆུང་དེ་ཡན་ལག་ཚན་ཆུང་གསུམ་དུ་བགོས་ནས་རྫས་འགྱུར་མཚོན་ཆ་ཉར་འཇོག་བྱེད་སར་སོང་ནས་དཔྱད་ཞིབ་བྱ་བ་སྤེལ་རྒྱུ་རེད་ཟེར།

གཞན་ཡང་མིང་བཤད་མི་འདོད་པའི་ཆེད་མཁས་ཚན་ཆུང་གི་ཁོངས་མིས་ཚེས་གཉིས་ཉིན་གྱི་དགོང་མོར་གསར་འགོད་པར་བཤད་རྒྱུར། ཚན་ཆུང་དེས་ཚེས3ཉིན་སྔར་བཞིན་སི་རི་ཡཱའི་ཕྱི་འབྲེལ་པུའུ་དང་ལས་ཁུངས་གཞན་པའི་དཔོན་རིགས་དང་མཉམ་དུ་བྱ་བའི་ནང་རྐྱེན་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག