མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གང་མགྱོགས་ཀྱིས་སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དང་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-03 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས2ཉིན་ཀྲུའུ་ཞིའི་གསལ་སྒྲོག་ལ་གྲོས་མཐུན་བཀོད་དེ། སི་རི་ཡཱའི་འཁྲུག་རྩོད་ལས་བཟོས་པའི་མི་ཆོས་རིང་ལུགས་ཀྱི་ཡ་ང་བའི་གནས་བབ་ཀྱིས་མི་རྣམས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་དགོས་པའི་རེ་བ་བཏོན་ཡོད་ཟེར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱོགས་སོ་སོས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་ཡུལ་གྱར་བའི་གནད་དོན་ཐད་རོགས་རམ་དང་སྟབས་བདེ་བཟོ་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ནང་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་དབང་འཛིན་ལས་ཁུངས་དང་དྲག་ཆས་ཚོགས་ཁག་གིས་འགྲོ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་སྣང་མེད་དུ་བསྐྱུར་བ་དང་། སི་རི་ཡཱའི་མངའ་ཁོངས་སུ་སྤེལ་བའི་དྲག་ཤུགས་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། རྟེན་གཞིའི་རྩ་འཛུགས་དང་འབྲེལ་བ་ཡོད་པའི་རྩ་འཛུགས་དང་མི་སྒེར་གྱིས་འཇིགས་སྐུལ་འཇབ་རྒོལ་བྱ་འགུལ་སྤེལ་བར་རྒོལ་གཏམ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་རྒྱ་ཆེའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཁྱབ་ཁོངས་རྒྱ་བསྐྱེད་དེ། རྒྱལ་ནང་དང་རྒྱལ་སྤྱིའི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་རོགས་སྐྱོར་ནང་ཞུགས་པར་ཆོག་མཆན་འགོད་པ་དང་། མི་ཆོས་རིང་ལུགས་ཀྱི་བྱ་བའི་ལྟེ་གནས་སྔར་ལས་མང་བོས་རོགས་སྐྱོར་བྱེད་པར་རམ་འདེགས་བྱས་ཏེ། མྱུར་དུ་བདེ་འཇགས་དང་བཀག་རྒྱ་མི་ཐེབས་པའི་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་འདོན་སྤྲོད་བྱས་ནས་མི་ཆོས་རིང་ལུགས་ཀྱི་ལས་གཞི་ལག་བསྟར་བྱེད་པར་ཆོག་མཆན་འགོད་པ་སོགས་འདུས་དགོས་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དོན་ལས་ཁུངས་ཀྱི་མི་སྣ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁན་གཞན་པ་བཅས་ཀྱི་རང་དབང་ལ་འགན་སྲུང་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག སྨན་བཅོས་སྒྲིག་ཆས་དང་སློབ་གྲྭ། ཆུ་འདོན་ས་ཚིགས་བཅས་དམག་དོན་དང་འབྲེལ་བ་མེད་པར་བྱེད་པ་མངོན་འགྱུར་བྱས་ཏེ། དམངས་བཀོལ་དངོས་རྫས་འཇབ་རྒོལ་དམིགས་ཡུལ་དུ་འཛིན་པ་དང་། མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཐབས་ལམ་དང་ལམ་ཐིག་གཙོ་བོར་གྲོས་བསྡུར་བྱས་ནས་མི་ཆོས་རིང་ལུགས་ཀྱི་དངོས་རྫས་སྐྱེལ་འདྲེན་བྱེད་པར་འགན་སྲུང་བྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁན་དང་མཉམ་དུ་ལས་དོན་ལ་གྲོས་བསྡུར་བྱེད་དགོས་པ་པའི་སྐུལ་མ་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག