མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱི་ཡེ་ཤུའི་ཆོས་ལུགས་ཀྱི་རྟ་འབྲུག་ཕྱོགས་ཁག་གི་ཆོས་བདག་གིས་ཞི་བའི་སྒོ་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-03 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཡེ་ཤུའི་ཆོས་ལུགས་ཀྱི་རྟ་འབྲུག་ཕྱོགས་ཁག་གི་ཆོས་བདག་པཱ་ཧྲ་ཨར་གྱིས་ཚེས2ཉིན་པེ་རུ་ཐི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་སྤྱད་དེ། ཞི་བའི་ཐབས་ལ་བརྟེན་ནས་དྲང་བདེན་གྱིས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

པཱ་ཧྲ་ཨར་གྱིས་ཉིན་དེར་མགོ་འཛིན་བྱས་ཏེ་ལེ་པཱ་ནུན་གྱི་ཡེ་ཤུའི་ཆོས་ལུགས་ཀྱི་རྟ་འབྲུག་ཕྱོགས་ཁག་གི་ཆོས་ལུགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུས་རྗེས་གསལ་སྒྲོག་སྤེལ་ཏེ། ཁོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་གཉིས་གཅིག་གཅིག་བརྒྱད་ལ་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པ་དང་། དམག་དོན་ཐེ་གཏོགས་མེད་པའི་གནས་ཚུལ་འོག་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་དགོས་པའི་རེ་བ་བཏོན།

པཱ་ཧྲ་ཨར་གྱིས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་གྱི་ས་ཁུལ་འཁྲུག་རྩོད་དང་ཁྱད་པར་སི་རི་ཡཱའི་ཉམས་ཉེན་ཁྲོད་དབུས་གནས་ཀྱི་ལངས་ཕྱོགས་བཟུང་སྟེ། ཞི་བའི་སྒོ་ནས་སི་རི་ཡཱའི་ཉམས་ཉེན་དྲང་བདེན་གྱིས་ཐག་གཅོད་བྱེད་པར་འབད་འབུངས་བྱས་པར་དགའ་བསུ་ཞུས། ཁོས་ད་རུང་སི་རི་ཡཱའི་ཕྱོགས་ཁག་སོ་སོས་གྲོས་མོལ་ལ་བརྟེན་ནས་ཉམས་ཉེན་དེ་ཐག་གཅོད་བྱེད་པ་དང་། སི་རི་ཡཱའི་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་ཏེ་སི་རི་ཡཱི་མི་དམངས་ཀྱི་ཁེ་དབང་དང་ཡུལ་གྱར་བ་ཕྱིར་རང་ཁྱིམ་དུ་ལོག་པར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།

པཱ་ཧྲ་ཨར་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་ལ་རོགས་རམ་བྱས་ཏེ། ལེ་པཱ་ནུན་གྱིས་སི་རི་ཡཱའི་ཡུལ་གྱར་བ་བཀོད་སྒྲིག་བྱེད་པའི་ཐད་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་བར་དགའ་བསུ་ཞུས། ཁོས་བསྟན་དོན། སི་རི་ཡཱའི་ཡུལ་གྱར་བ་མང་བོ་ལེ་པཱ་ནུན་དུ་ཡོང་བ་ལས་བདེ་འཇགས་དང་ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཟེར།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག