མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགྲིམ་འགྲུལ་སྟབས་བདེ་ཅན་གྱི་མཐོ་རིམ་གྲོས་ཚོགས་པཱ་ལི་གླིང་ཕྲན་ནས་གྲོལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-03 11:18

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགྲིམ་འགྲུལ་སྟབས་བདེ་ཅན་གྱི་མཐོ་རིམ་གྲོས་ཚོགས་ཚེས་གཉིས་ཉིན་ཧིན་རྡུ་ཉི་ཞི་ཡཱའི་པཱ་ལི་གླིང་ཕྲན་ནས་གྲོལ་བ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་རྩ་འཛུགས་དེའི་ཁོངས་གཏོགས་ཀྱི་དཔལ་འབྱོར་ཚོགས་པའི་བར་གྱི་འགྲིམ་འགྲུལ་ཚད་བཀག་ཇེ་ཉུང་དུ་གཏོང་བའི་ཆེད་དུ་ཡིན་པ་དང་། ཕྱོགས་སོ་སོས་འགྲིམ་འགྲུལ་སྟབས་བདེ་ཅན་གྱིས་ས་ཁོངས་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པར་རེ་བས་ཁེངས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། འགྲིམ་འགྲུལ་སྟབས་བདེ་ཅན་གྱི་འཆར་གཞི་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ས་ཁོངས་གནས་སྐོར་བའི་འགྲུལ་བཞུད་ཀྱི་དུས་ཡུན་རིང་བོའི་འཆར་གཞི་ཞིག་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། སོ་སོར་ལམ་ཡིག་སྟབས་བདེ་ཅན་དང་། མཐོ་རིམ་འགྲུལ་བའི་བརྡ་འཕྲིན། ཡིད་རྟོན་རུང་བའི་གནས་སྐོར་མཁན་གྱི་འཆར་གཞི། གནས་སྐོར་མཁན་གྱི་མཛའ་མཐུན་གནམ་གྲུའི་ཐང་གི་འཆར་གཞི་སོགས་གྲོས་རིམ་བཞི་རུ་དགར་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག