མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱས་པའི་རྒྱལ་ཁབ་དག་ལ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-02 14:19

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཟླ10བའི་ཚེས1ཉིན་རི་ནེ་ཝ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་འགུལ་སྐྱོད་སྤེལ་ཏེ། སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱས་པའི་རྒྱལ་ཁབ་དག་ལ་རོགས་རམ་བྱས་ཏེ། རྒྱལ་ཁབ་དེ་དག་གིས་སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱས་པའི་དབང་གིས་བྱུང་བའི་དཔལ་འབྱོར་དང་སྤྱི་ཚོགས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། ཉིས་སྟོང་བཅུ་གཅིག་ལོའི་ཟླ་གསུམ་པར་སི་རི་ཡཱའི་དྲག་ཆས་འཁྲུག་རྩོད་བྱུང་བའི་ཚུན་ལ། སི་རི་ཡཱའི་མི་ས་ཡ་གཉིས་དང་འབུམ་གཅིག་ལྷག་ལེ་པཱ་ནུན་དང་། ཐུར་ཁེ། དབྱི་རག ཅོར་ཏན། ཨེ་ཅིབ་སོགས་རྒྱལ་ཁབ་ཏུ་བྲོས་བྱོལ་བྱས་ཏེ། རྒྱལ་ཁབ་དེ་དག་གི་དཔལ་འབྱོར་དང་སྤྱི་ཚོགས། བདེ་འཇགས་སོགས་ཀྱི་ཐད་གནོན་ཤུགས་ཆེན་པོ་བཟོས་ཡོད་ཟེར།

སྤྱི་སྒྲོག་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱས་པའི་རྒྱལ་ཁབ་དེ་དག་གི་སྲིད་གཞུང་ལ་ཐད་ཀར་རོགས་བྱེད་པ་དང་། སི་རི་ཡཱའི་ཡུལ་གྱར་བ་དང་ཡུལ་གྱར་བ་དང་ལེན་བྱས་པའི་ས་གནས་སྡོད་ཁུལ་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས། རྨང་གཞིའི་སྒྲིག་ཆས། བདེ་འཇགས་སོགས་ཐད་ཀྱི་རོགས་རམ་བྱེད་པ། ཡུལ་གྱར་བའི་བཀོད་སྒྲིག་དང་ཡུལ་གྱར་བའི་ཁྱིམ་མི་ལྷན་འཛོམས་སོགས་ཐད་ཀྱི་བྱ་བར་ཤུགས་བསྣོན་པ། སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱས་པའི་སྡོད་ཁུལ་ལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཕན་པའི་ལས་གཞི་དང་འཆར་གཞི་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡོམས་རྩིས་བྱས་པའི་གནས་ཚུལ་གསར་བ་ལྟར་ན། མིག་སྔར་རྒྱལ་ནང་གི་འཁྲུག་རྩོད་དབང་གིས་རྒྱལ་ཁབ་གཞན་དུ་བྲོས་བྱོལ་བྱས་པའི་སི་རི་ཡཱའི་ཡུལ་གྱར་བ་ས་ཡ་གཉིས་དང་འབུམ་གཅིག་ལས་བརྒལ་ཡོད་པ་དང་། སི་རི་ཡཱའི་མངའ་ཁོངས་སུ་ད་རུང་མི་ས་ཡ་བཞི་དང་འབུམ་གཉིས་ཁྲི་ལྔ་གང་སར་འཁྱམས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག