མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་ལས་ཁུངས་ཀྱི་སྙན་ཞུ་ལས་འཛམ་གླིང་ཡོངས་ཀྱི་མི་དུང་ཕྱུར་འགས་དུས་ཡུན་རིང་བོར་ལྟོགས་སྐོམ་མྱོང་བཞིན་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-02 14:19

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་ལས་ཁུངས་ཀྱིས་ཟླ10བའི་ཚེས1ཉིན་སྤེལ་བའི་སྙན་ཞུ་ལྟར་ན། འཛམ་གླིང་ཡོངས་ཀྱི་ལྟོགས་སྐོམ་མྱོང་བའི་མི་གྲངས་སྔོན་ཆད་དང་བསྡུར་ན་ཅུང་ཇེ་ཉུང་དུ་སོང་ཡོད་ཀྱང་། མི་དུང་ཕྱུར་འགའ་ཡིས་སྔར་བཞིན་ལྟོགས་སྐོམ་མྱོང་བཞིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་དང་། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ཚོགས་པ། དེ་མིན་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་བཅས་ཀྱིས་ལོ་རེར་སྤེལ་བའི་འཛམ་གླིང་འབྲུ་རིགས་ཀྱི་བདེ་འཇགས་མིན་པའི་གནས་ཚུལ་ཞེས་པའི་སྙན་ཞུ་ལྟར་ན། ཉིས་སྟོང་བཅུ་གཅིག་ལོ་ནས་ཉིས་སྟོང་བཅུ་གསུམ་ལོའི་བར། འཛམ་གླིང་ཡོངས་སུ་མི་དུང་ཕྱུར་བརྒྱད་དང་བྱེ་བ་བཞི་ས་ཡ་གཉིས་ཀྱིས་དུས་ཡུན་རིང་བོར་ལྟོགས་སྐོམ་མྱོང་བཞིན་ཡོད་ཅིང་། ཁོ་ཚོར་བདེ་ཐང་གི་འཚོ་བར་མཁོ་བའི་ཁ་ཟས་ཐོབ་ཐུབ་མེད། ཁ་གྲངས་དེ་ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་བཅུ་གཉིས་ལོའི་བར་གྱི་སྙན་ཞུའི་ཁ་གྲངས་དང་བསྡུར་ན་ཅུང་ཇེ་ཉུང་དུ་སོང་ཡོད་ཟེར། སྙན་ཞུ་ལས་བསྟན་དོན། འཛམ་གླིང་ཡོངས་ཀྱི་ལྟོགས་སྐོམ་མྱོང་བའི་མི་གྲངས་ཁྲོད། མི་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་བདུན་གྱིས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུ་འཚོ་བ་རོལ་བཞིན་ཡོད་པ་དང་། མང་ཤོས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་ས་ཁུལ་དུ་འཚོ་བ་རོལ་བཞིན་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག