མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཉིས་སྟོང་བཅུ་གསུམ་ལོའི་སྤྱི་བའི་གླེང་སྟེགས་ནས་གསར་སྐྲུན་དང་ཉོ་ཚོང་ལ་དོ་སྣང་བྱེད་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-02 14:19

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན3ཡིན་པའི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི2013ལོའི་སྤྱི་བའི་གླེང་སྟེགས་ཟླ10བའི་ཚེས1ཉིན་རི་ནེ་ཝ་ནས་ཚོགས་མགོ་བརྩམས་པ་དང་། སྲིད་གཞུང་དང་སྲིད་གཞུང་བར་གྱི་རྩ་འཛུགས་དང་། རིགས་གཞུང་ལས་རིགས། ཚོང་ལས། དམངས་ཁྲོད་ཚོགས་ཁག་སོགས་ལས་རིགས་སོ་སོའི་མི་སྣ་གླེང་སྟེགས་ལ་ཞུགས།

ད་ལོའི་སྤྱི་བའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་གསར་སྐྲུན་དང་གྲངས་ཀའི་དཔལ་འབྱོར་ལ་བརྟེན་ནས་ཉོ་ཚོང་རྒྱ་བསྐྱེད་བྱེད་རྒྱུ་དེ་ཡིན། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙེ་ཝེ་ཏོ་ཡིས་ཉིན་དེར་ཚོགས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། གསར་སྐྲུན་དང་ཉོ་ཚོང་དམ་དུ་འབྲེལ་ཡོད་པར་མ་ཟད་ཕན་ཚུན་གཞོགས་འདེགས་ཀྱི་ནུས་པ་ཐོན་བཞིན་ཡོད། གསར་སྐྲུན་ནི་ཉོ་ཚོང་ལ་ཡར་སྐུལ་བྱེད་པའི་སྒུལ་ཤུགས་གཙོ་བོ་ཡིན་པ་དང་། ཐོན་རྫས་གསར་བ་དང་ཞབས་ཞུ་གསར་བ་སོགས་ཉོ་ཚོང་ལ་བརྟེན་ནས་འཛད་སྤྱོད་པར་ཤེས་སུ་འཇུག་དགོས་ཟེར། ཁོས་ཉོ་ཚོང་དང་གསར་སྐྲུན་ནི་ཐོན་སྐྱེད་ནུས་པ་དང་འགྲན་རྩོད་ནུས་པ་ཇེ་མཐོར་བཏང་སྟེ་གོ་སྐབས་གསར་བ་གསར་གཏོད་བྱེད་ཐུབ་པ་ནན་བཤད་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག