མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ཆེད་མཁས་པའི་ཚན་ཆུང་སི་རི་ཡཱ་རུ་འབྱོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-02 14:19

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས1ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་ཡས་མས་སུ། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པའི་སི་རི་ཡཱའི་རྫས་འགྱུར་མཚོན་ཆར་དཔྱད་ཞིབ་བྱེད་པའི་ཆེད་མཁས་ཚན་ཆུང་གི་སྐོར་ཁག་དང་པོའི་མི་སྣ་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་འབྱོར་ཏེ། སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནས་ཚུལ་ལ་ཞིབ་བཤེར་བྱེད་མགོ་བརྩམས།

ཆེད་མཁས་ཚན་ཆུང་དེར་དཔྱད་ཞིབ་མི་སྣ་ཉི་ཤུ་དང་། དོ་དམ་མི་སྣ་བཅོ་ལྔ་ཡོད། ཚན་ཆུང་དེའི་སྣེ་ཁྲིད་པ་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ཕྱི་འབྲེལ་ཟི་ཡི་ཟི་ཀྲང་བང་ཅོན་གྱིས་མགྲོན་ཁང་དུ་འགྲོ་སྐབས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། གནས་སྐབས་སུ་གོ་རིམ་རྗེས་མའི་བྱ་བའི་བཀོད་སྒྲིག་ཁྱབ་སྒྲོག་བྱེད་རྒྱུ་མིན་ཟེར།

དེའི་སྔོན་བསྒྲགས་པའི་གནས་ཚུལ་ལྟར་ན། སྔོན་མངགས་རུ་ཁག་དེའི་ལས་འགན་གཙོ་བོ་ནི་སི་རི་ཡཱ་རུ་ཡོད་པའི་རྫས་འགྱུར་མཚོན་ཆའི་ཁ་གྲངས་དང་ཉར་འཇོག་བྱེད་སའི་གནས་ཡུལ་གསལ་བོ་བྱེད་རྒྱུ་དེ་ཡིན་ཡང་། ཏཱ་མཱ་ཧྲི་ཀི་རུ་འབྱོར་རྗེས་ཐོག་མར་སི་རི་ཡཱའི་སྲིད་གཞུང་གི་དཔོན་རིགས་དང་ཐུག་འཕྲད་བྱས་ཏེ། ཞིབ་བཤེར་བྱ་བའི་ནང་དོན་ཞིབ་རྒྱས་ཐད་ནས་འབྲེལ་འདྲིས་བྱེད་རྒྱུ་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག