མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་སྤྱི་མཐུན་ཏང་གིས་སྨན་བཅོས་བཅོས་བསྒྱུར་ལ་བཀག་འགོག་བྱེད་ཆེད་སྲིད་གཞུང་གི་སྒོ་བརྒྱབ་པར་སྐྱོན་འཛུགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-02 14:19


སྤྱི་ཟླ10བའི་ཚེས1ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཏོན་གྱི་ཕོ་བྲང་དཀར་པོའི་རྒྱ་སེའི་གླིང་ག་ནས། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཨ་མེ་རི་ཁའི་རྒྱལ་ཡོངས་ལ་བརྙན་འཕྲིན་གཏམ་བཤད་སྤེལ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་སྤྱི་ཟླ10བའི་ཚེས1ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སུ་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། རྒྱལ་ཚོགས་ཀྱི་སྤྱི་མཐུན་ཏང་གིས་ཨོ་པཱ་མཱ་དང་དམངས་གཙོ་ཏང་གིས་བཏོན་པའི་སྨན་བཅོས་བཅོས་བསྒྱུར་འཆར་ཟིན་ལ་བཀག་འགོག་བྱེད་ཆེད་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྒོ་བརྒྱབ་པར་སྐྱོན་འཛུགས་བྱས།

ཨོ་པཱ་མཱ་ཡིས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྒོ་བརྒྱབ་པའི་ཉིན་དང་པོར་ཕོ་བྲང་དཀར་པོའི་རྒྱ་སེའི་གླིང་ག་ནས་བརྙན་འཕྲིན་གཏམ་བཤད་སྤེལ་བ་རེད། ཨོ་པཱ་མཱ་ཡིས་བཤད་རྒྱུར། རྒྱལ་ཚོགས་ཀྱི་དམངས་གྲོས་ཁང་གི་སྤྱི་མཐུན་ཏང་མིས་སྨན་བཅོས་བཅོས་བསྒྱུར་འཆར་ཟིན་ལ་བཀག་འགོག་བྱེད་པ་ཙམ་གྱི་ཆེད་དུ་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལོ་ངོ་བཅུ་བདུན་རིང་ཐོག་དང་པོར་སྒོ་བརྒྱག་ཏུ་བཅུག་པ་རེད། དོན་དུ་གནས་ཚུལ་དེ་འདྲ་འབྱུང་བའི་དགོས་པ་མེད་ཟེར། ཁོས་སྤྱི་མཐུན་ཏང་གི་གྲོས་མིས་འདུ་ཤེས་འཛིན་སྟངས་ཀྱི་རྩོད་པ་བསླངས་པ་དང་། ཨ་མེ་རི་ཁའི་མང་ཚོགས་སྔར་ལས་མང་བོས་སྨན་བཅོས་འགན་སྲུང་ལོངས་སུ་སྤྱོད་པར་ཁས་ལེན་མ་བྱས་ལ། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྒོ་བརྒྱབ་པར་ཡང་སྣང་དོགས་ཅི་ཡང་བྱེད་ཀྱིན་མེད་ཟེར།

ཨོ་པཱ་མཱ་ཡིས་ད་རུང་བཤད་རྒྱུར། རང་ཉིད་ཀྱིས་ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་གྱི་དགོང་མོར་གནས་སྐབས་ཀྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་འཆམ་བཀོད་དེ། དམག་དཔུང་ལས་ཕྱིར་བུད་པའི་དམག་མིའི་སྲིད་གཞུང་གི་སྒོ་བརྒྱབ་པའི་སྐབས་འདིའི་ཟླ་ཕོགས་ལ་ཤུགས་རྐྱེན་མི་ཐེབས་པར་འགན་སྲུང་བྱས་ཡོད་ཀྱང་། སྲིད་གཞུང་གི་སྡེ་ཁག་དང་གླ་མི་མང་བོར་ཤུགས་རྐྱེན་ཐེབས་ཡོད་ལ། རྒྱལ་ཁབ་ཀྱི་སྤྱི་གླིང་དང་རྒྱལ་ཁབ་ཀྱི་རྗེས་དྲན་རྡོ་རིང་ཚང་མ་ཡང་ངེས་པར་དུ་སྒོ་བརྒྱག་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག