མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བརྒྱད་པའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་གྲོལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-02 14:18

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས68པའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་ཟླ10བའི་ཚེས1ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གྲོལ།

སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ཧྲི་ཡིས་ཚོགས་འདུ་མ་གྲོལ་གོང་སྤྱི་བསྡོམས་རང་བཞིན་གྱི་གཏམ་བཤད་སྤེལ་ཏེ། ཐེངས་འདིའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྐབས། རྒྱལ་ཁབ་སོ་སོའི་འཐུས་མིས་སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དང་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་བརྗོད་སྙིང་སྟེ་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་ལ་གྲ་སྒྲིག་གང་ལེགས་བྱེད་དགོས་ཞེས་པ་དེ་གླེང་བ་དང་། ཁོ་ཚོས་གདམ་གསེས་དེར་གཟེངས་བསྟོད་བྱས་པར་མ་ཟད། ཤུགས་ཆེན་པོས་རྒྱབ་སྐྱོར་དང་མཉམ་ལས་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར།

ཨ་ཧྲི་ཡིས་བཤད་རྒྱུར། རྒྱལ་ཁབ་མང་བོའི་འཐུས་མིས་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་ཡོ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་བཟང་བོའི་རྨང་གཞིའི་སྟེང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་རིམ་གཏན་འབེབས་བྱེད་དགོས་པ་དང་། དེའི་ནང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་འདུས་ཡོད་ཀྱང་རྩ་བའི་ཐོག་ནས་ཁྱད་པར་ངེས་ཅན་ཡོད་དགོས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་རུང་ཉིས་སྟོང་བཅོ་ལྔ་ལོའི་ཆེས་མཇུག་མཐའི་དུས་བཅད་ཀྱི་སྔོན་ལ་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་དངོས་འབེབ་བྱེད་པའི་ཐུན་མོང་འགན་འཁྲི་ཁུར་ཡོད་ཟེར།

ཨ་ཧྲི་ཡིས་བཤད་རྒྱུར། གཟའ་འཁོར་གཅིག་ལྷག་འགོར་བའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་བརྒྱུད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ལྟ་རང་རང་གི་གཙོ་གནད་ཁྲོད་ནས་ཐུན་མོང་གི་གནད་འཚོལ་བ་དང་། དེ་རྨང་གཞིར་བྱས་ཏེ་འགུལ་སྐྱོད་ནུས་ལྡན་སྤྱད་ནས་ཐུན་མོང་གི་གྲོས་རིམ་ལ་ཡར་སྐུལ་བྱེད་དགོས་ཟེར།

དེ་ལས་གཞན་ཨ་ཧྲི་ཡིས་སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྐབས་སུ་གླེང་བའི་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ། ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་འཕེལ་རྒྱས། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། དམག་དཔུང་ཉུང་འཕྲི་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅོས་བསྒྱུར་སོགས་གནད་དོན་ལ་ལེགས་སྒྲིག་དང་སྤྱི་བསྡོམས་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བརྒྱད་པའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་དེ་ཟླ་དགུ་བའི་ཚེས་ཉེར་བཞིའི་ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག