མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྫས་འགྱུར་མཚོན་ཆའི་རྟོག་ཞིབ་ཚན་ཆུང་སི་རི་ཡཱ་དང་བྲལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 11:33

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྫས་འགྱུར་མཚོན་ཆའི་གནད་དོན་ལ་རྟོག་ཞིབ་བྱེད་པའི་བྱ་བའི་ཚན་ཆུང་གིས་ཟླ9བའི་ཚེས30ཉིན་ཡུལ་དངོས་རྟོག་ཞིབ་ལས་འགན་ཡོངས་འགྲུབ་བྱས་རྗེས། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་དང་བྲལ།

ཉིན་དེའི་ཕྱི་དྲོར་སུའེ་ཏེན་གྱི་ཚན་རིག་པ་སེར་སི་ཐི་ལོན་གྱིས་ཁྲིད་པའི་རྟོག་ཞིབ་ཚན་ཆུང་རང་སྡོད་སའི་མགྲོན་ཁང་ནས་རླངས་འཁོར་ལ་བསྡད་དེ་ཏཱ་མཱ་ཧྲི་ཀི་དང་བྲལ་ནས་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་རུ་སོང་།

རྟོག་ཞིབ་ཚན་ཆུང་གིས་ཉིན་དེར་གསར་འགྱུར་ལས་རིགས་ལ་གནས་ཚུལ་ཅི་ཡང་མ་བསྒྲགས།

ཏཱ་མཱ་ཧྲི་ཀི་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་གིས་ཚེས27ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། རྟོག་ཞིབ་ཚན་ཆུང་གིས་རྟོག་ཞིབ་མཇུག་སྒྲིལ་རྗེས་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་བེད་སྤྱོད་དང་འབྲེལ་བའི་སྙན་ཞུ་ཞིག་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། སྙན་ཞུ་དེ་ཟླ་བཅུ་བའི་ཟླ་སྨད་ལ་ཁྱབ་སྒྲོག་བྱེད་རྒྱུ་རེད་ཟེར།

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། རྟོག་ཞིབ་ཚན་ཆུང་ཐོག་དང་པོར་སི་རི་ཡཱ་རུ་སོང་སྟེ། སི་རི་ཡཱའི་གཡུལ་སར་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པར་བསྒྲགས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཟླ་འདིའི་ཚེས་ཉེར་ལྔ་ཉིན། རྟོག་ཞིབ་ཚན་ཆུང་ཡང་བསྐྱར་སི་རི་ཡཱ་རུ་ལོག

རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་སྤྱི་ཆིངས་རྩ་འཛུགས་ཀྱིས་ཚེས28ཉིན་གྲོས་འཆམ་བྱུང་བའི་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་གྲོས་ཆོད་ལྟར་ན། རྩ་འཛུགས་དེའི་རྟོག་ཞིབ་མི་སྣ་སྐོར་ཁག་དང་པོ་ཟླ10བའི་ཚེས1ཉིན་སི་རི་ཡཱ་རུ་འབྱོར་ནས། སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནས་ཚུལ་ལ་དཔྱད་ཞིབ་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག