མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་ཙུང་ཐུང་གིས་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བར་རོགས་འདེགས་བྱེད་རྒྱུ་ཁས་ལེན་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 11:33


ཟླ9བའི་ཚེས28ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་རྟོག་ཞིབ་ཚན་ཆུང་གིས་མུ་མཐུད་དུ་ཡུལ་དངོས་ནས་རྟོག་ཞིབ་བྱེད་བཞིན་པ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་ཟླ9བའི་ཚེས29ཉིན་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་སྤྱིའི་ཇུས་གཞི་ཁྱབ་སྒྲོག་བྱས་པ་དང་། ཐོག་མའི་དུས་རིམ་ནང་གཙོ་བོ་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བར་ནུས་པ་བསྐྲུན་པ་དང་། ཐན་ཁི་འཁོར་ལོ་དང་འགད་རྫས་སོགས་བཀོལ་རྩིས་ཡོད།

སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་བྱས་ཏེ་རྫས་འགྱུར་མཚོན་ཆ་མེད་པར་བཟོ་རྒྱུ་ཁས་ལེན་བྱས།

རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་ཉིན་དེར་ཧི་ལན་གྱི་ཧེ་ཡཱ་རུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། རྟོག་ཞིབ་མི་སྣ་གཉིས་ཀྱིས་རྫས་འགྱུར་མཚོན་ཆར་དཔྱད་ཞིབ་དང་མེད་པར་བཟོ་བའི་ཇུས་གཞི་མཚམས་སྦྱོར་བྱས། བདེ་འཇགས་ལ་བསམ་བློ་བཏང་སྟེ་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་རྟོག་ཞིབ་མི་སྣ་དེ་གཉིས་ཀྱི་མིང་ཁྱབ་སྒྲོག་མི་བྱེད་པའི་རེ་བ་བཏོན།

འཆར་གཞི་ལྟར་ན། རྟོག་ཞིབ་མི་སྣ་ཉི་ཤུ་ཟླ་བཅུ་བའི་ཚེས་གཅིག་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་འབྱོར་ཏེ། མྱུར་དུ་སི་རི་ཡཱའི་དཔོན་རིགས་དང་གྲོས་མོལ་བྱས་ཏེ། རྫས་འགྱུར་མཚོན་ཆར་དཔྱད་ཞིབ་དང་མེད་པར་བཟོ་བར་གྲོས་བསྡུར་བྱེད་པ་དང་། རྫས་འགྱུར་མཚོན་ཆ་བཟོ་སྐྲུན་དང་ཉར་འཇོག་བྱེད་སའི་སྒྲིག་ཆས་ལ་ལྟ་ཞིབ་བྱེད་རྒྱུ་ཡིན་ལ། གཟའ་འཁོར་གཅིག་གི་རྗེས་སུ་རྟོག་ཞིབ་པ་སྔར་ལས་མང་བོ་སྐོར་ཁག་བགོས་ནས་ཏཱ་མཱ་ཧྲི་ཀི་རུ་འགྲོ་རྒྱུ་ཡིན་ལ། དེའི་ནང་རྫས་འགྱུར་དང་དམག་དོན། གསོ་རིག་བཅས་ཀྱི་ཆེད་མཁས་པ་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག