མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་འཇིགས་སྐུལ་ཉེས་ཅན་ལ་མཚོན་ཆ་དང་མ་དངུལ་འདོན་སྤྲོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 11:32

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་བའི་མུའུ་ཨ་ལེ་མུའུ་ཡིས་ཟླ9བའི་ཚེས30ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་བཤད་རྒྱུར། སི་རི་ཡཱའི་རྒྱལ་ནང་གི་འཐབ་འཁྲུག་ནི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་ཅིག་ཡིན་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱིས་འཇིགས་སྐུལ་ཉེས་ཅན་ལ་མཚོན་ཆ་དང་མ་དངུལ་འདོན་སྤྲོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

མུའུ་ཨ་ལེ་མུའུ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། རྒྱལ་ཁབ་རེ་འགས་ཕྱོགས་གཅིག་ནས་འཛམ་གླིང་གི་ས་ཆ་སོ་སོར་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པར་སྒྲོག་བཞིན་ཡོད་པ་དང་། ཕྱོགས་གཅིག་ནས་སི་རི་ཡཱའི་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། སི་རི་ཡཱའི་འཐབ་འཁྲུག་ནི་ནང་འཁྲུག་ཙམ་མིན་པར། རིན་ཐང་ལྟ་བ་དང་དྲང་བདེན། འདྲ་མཉམ། ཁྲིམས་ལུསག་བཅས་ལ་སྣང་མེད་བྱེད་པའི་འཇིགས་སྐུལ་རིང་ལུགས་ལ་དམིགས་པའི་འཐབ་འཁྲུག་ཅིག་ཡིན་ཟེར།

ཁོས་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་དེ་རིགས་ལ་ངོ་རྒོལ་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་སྟེ་གཅིག་གྱུར་གྱི་འགུལ་སྐྱོད་སྤེལ་བ་དང་། གང་མགྱོགས་སྒོས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། འབྲེལ་ཡོད་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཞན་པ་ནས་ཡོང་བའི་འཇིགས་སྐུལ་ཉེས་ཅན་ལ་མ་དངུལ་དང་མཚོན་ཆ། གསོ་སྦྱོང་། སྐོང་ས། རྒྱུ་ལམ་བཅས་འདོན་སྤྲོད་བྱེད་པར་བཀག་འགོག་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག