མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པཱ་ཀ་ཏཱ་ནས་ཡང་བསྐྱར་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སྟེ་མི150ལྷག་ལ་ཤི་རྨས་ཐེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 11:32

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་ས་ཁུལ་མང་བོ་ཞིག་ནས་ཟླ9བའི་ཚེས30ཉིན་གྱི་སྔ་དྲོར་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་མང་བྱུང་བ་དང་། ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན་ཉུང་མཐར་ཡང་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་མི129ལ་རྨས་ཕོག་ཟེར།

ཉེན་རྟོག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། པཱ་ཀ་ཏཱའི་བྱང་ཕྱོགས་ཀྱི་ཁཱ་ཏི་མུའུ་ཡེ་ས་ཁུལ་ནས་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གསུམ་ལ་རྨས་ཕོག བྱང་ངོས་ཉེ་འདབས་ཀྱི་ཨར་པུའུ་ཨར་ས་ཁུལ་དུའང་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི3རྐྱེན་ལམ་དུ་ཤོར་བ་དང་། མི13ལ་རྨས་ཕོག

དེ་ལས་གཞན་པཱ་ཀ་ཏཱའི་ཧྲ་ཨ་པཱ་ས་ཁུལ་དང་སཱ་ཏིར་མཁར། པཱ་ཀ་ཏཱའི་ས་ཁུལ་གསར་བ། པཱ་ལཱ་ཏིས་ཡེ་ས་ཁུལ་སོགས་སུ་ཡང་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དགུར་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་གསུམ་ལ་རྨས་ཕོག དེའི་རྗེས་སུ་པཱ་ཀ་ཏཱ་ནས་ཡང་བསྐྱར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་བཞི་ཙམ་བྱུང་། རྒུད་སྐྱོབ་བྱ་བ་སྤེལ་བ་དང་བསྟུན་ནས་ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད། མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཉིན་དེའི་འཇབ་རྒོལ་དོན་རྐྱེན་དག་བཟོས་པ་ཁས་ལེན་བྱས་མེད།

ད་ལོའི་ཚུན་ལ། དབྱི་རག་ཏུ་འཇིགས་སྐུལ་བྱ་འགུལ་དང་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་མང་དུ་བྱུང་བ་དང་། བདེ་འཇགས་གནས་བབ་ཧ་ཅང་ཛ་དྲག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པས་འདོན་སྤྲོད་བྱས་པའི་རྒྱུ་ཆ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ཟླ་བརྒྱད་པའི་བར། དབྱི་རག་མངའ་ཁོངས་སུ་མི་སེར་དཀྱུས་མ་རྐྱེན་ལམ་དུ་ཤོར་བ་དང་རྨས་སྐྱོན་ཕོག་པའི་ཁ་གྲངས་སོ་སོར་མི་སྟོང་ལྔ་དང་མི་ཁྲི་གཅིག་དང་སྟོང་གཉིས་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག