མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་དབྱིན་ཇིའི་བདེ་སྲུང་མཉམ་ལས་གྲོས་ཚོགས་ཏུང་ཅིན་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་དང་དབྱིན་ཇིའི་བདེ་འཇགས་འགན་སྲུང་གི་མཉམ་ལས་གྲོས་ཚོགས་ཟླ9བའི་ཚེས30ཉིན་ཏུང་ཅིན་ནས་ཚོགས།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། འཇར་པན་དང་དབྱིན་ཇི་རྒྱལ་ཁབ་གཉིས་ལ་མཚོན་ན། རྒྱ་མཚོའི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་འགོག་སྲུང་སྒྲིག་ཆས་མཉམ་དུ་གསར་སྤེལ་བྱེད་པ་དང་། འཇར་པན་གྱི་རང་སྲུང་རུ་ཁག་དང་དབྱིན་ཇིའི་མཚོ་དམག་གིས་སོ་མཱ་ལིའི་མཚོ་ཁོངས་ནས་མཉམ་དུ་མཚོ་ཇག་ལ་ངོ་རྒོལ་བྱེད་པར་འཐད་པ་བྱུང་།

དབྱིན་ཇིའི་རྒྱལ་སྲས་ཨན་ཏི་ལུའུ་ཡིས་བཤད་རྒྱུར། དུས་རབས་ཉེར་གཅིག་པར་བསླེབ་པའི་ཚུན་ལ། རྒྱལ་ཁབ་སོ་སོ་བདེ་འཇགས་འགན་སྲུང་གི་གྲོས་དོན་གསར་བར་འཕྲད་ཡོད་པ་དང་། གྲོས་དོན་གསར་བ་དེ་དག་ཐག་གཅོད་བྱེད་ཆེད། དབྱིན་ཇི་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་སྲ་ཞིང་བརྟན་པའི་འབྲེལ་བ་འཛུགས་པར་དགོས་གལ་ཆེ་ཟེར།

འཇར་པན་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་འགོག་སྲུང་སྡེ་ཁག་གི་དཔོན་རིགས། དེ་མིན་འབྲེལ་ཡོད་ཆེད་མཁས་པ་བཅས་བསྡོམས་པས་མི་ཉིས་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་དེ་ཟླ་བཅུ་བའི་ཚེས་གཅིག་ཉིན་གྲོལ་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག