མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ནེ་ཀྲི་རི་ཡཱའི་སློབ་ཆེན་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 11:19

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཟླ9བའི་ཚེས30ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ནེ་ཀྲི་རི་ཡཱའི་སློབ་ཆེན་ཞིག་ལ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། སློབ་གྲྭ་ཆེན་མོ་བ་ལྔ་བཅུ་ཙམ་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ནང་བཤད་རྒྱུར། ཕན་ཅི་བུན་གྱིས་ཤི་བོའི་ཁྱིམ་མི་དང་ནེ་ཀྲི་རི་ཡཱའི་སྲིད་གཞུང་། མི་དམངས་བཅས་ལ་འཚམས་འདྲི་བྱས་པ་དང་། ཕན་ཅི་བུན་གྱིས་ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་དགེ་སློབ་ལ་དམིགས་པའི་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་པར་སེམས་ཁུར་བྱེད་པའི་ཚུལ་བསྟན། ཁོས་ཡ་ང་བའི་ནག་ཉེས་བྱ་སྤྱོད་དེ་རིགས་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་དང་། ནག་ཉེས་བྱ་སྤྱོད་དེ་རིགས་ལ་ཁ་གཡོར་སའི་རྒྱུ་མཚོན་ཅི་ཡང་ཡོད་མི་སྲིད་ཟེར།

ཕན་ཅི་བུན་གྱིས་འཇབ་རྒོལ་མཁན་མྱུར་མོར་ཁྲིམས་ལ་སྦྱར་ཏེ། བྱེད་ཐབས་སྤྱད་ནས་རིགས་དེ་མཚུངས་ཀྱི་འཇབ་རྒོལ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱས་ནས་མི་སེར་དཀྱུས་མའི་བདེ་འཇག་སལ་འགན་སྲུང་བྱེད་དགོས་ཟེར།

ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་ཡོ་པེ་ཀྲིག་གི་སློབ་ཆེན་ཞིག་ཏུ་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི50ཙམ་རྐྱེན་ལམ་དུ་ཤོར་བ་དང་། བསྒྲགས་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་མཁན་ནི་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་ཅེས་པའི་ཁོངས་མི་ཡིན་སྲིད་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག