མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་དབུས་ཕྱོགས་ཀྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་སུམ་ཅུ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-30 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས29ཉིན་བཤད་རྒྱུར། དབྱི་རག་དབུས་ཕྱོགས་ཀྱི་མུའུ་སེ་དབྱེ་པུའུ་གྲོང་རྡལ་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སུམ་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུ་ལ་རྨས་ཕོག་ཟེར།

དབྱི་རག་ཉེན་རྟོག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་བཤད་རྒྱུར། རྒྱལ་ས་པཱ་ཀ་ཏཱའི་ལྷོ་ངོས་ཀྱི་སྤྱི་ལེ་ལྔ་བཅུའི་མཚམས་སུ་ཡོད་པའི་མུའུ་སེ་དབྱེ་པུའུ་གྲོང་རྡལ་དུ། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་ཧི་སེ་ཡུན་དབྱི་སི་ལན་ཆོས་ཁང་དུ་སྤེལ་བཞིན་པའི་དུར་འཇུག་བྱེད་སར་ཡོང་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་སྟེ་ཤི་རྨས་ཚབས་ཆེན་བཟོ་པ་དང་། དབྱི་སི་ལན་ཆོས་ཁང་ལའང་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར།

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག