མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་དབྱིན་ཇི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-30 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་ཚེས29ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དྲག་ཆས་དམག་དཔུང་དང་དབྱིན་ཇིའི་དམག་དཔུང་གིས་ཉིན་དེ་ནས་བཟུང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཚབ་མིང་ལ་ཉིས་སྟོང་བཅུ་གསུམ་ལོའི་རྒྱ་མཚོའི་བློ་གྲི་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དྲག་ཆས་དམག་དཔུང་ནས་ཡོང་བའི་དཔུང་ཁག་འགའ་ཡིས་དབྱིན་ཇིའི་དམག་དང་མཉམ་དུ་མཉམ་འབྲེལ་སྦྱོང་བརྡར་རབས་དང་རིམ་པ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ལ། དམིགས་ཡུལ་ནི་དམག་དཔུང་གཉིས་ཀྱི་མཉམ་ལས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ་དང་། ཉམས་མྱོང་དང་དམག་དོན་བརྡ་འཕྲིན་བརྗེ་རེས་བྱེད་པའི་ཆེད་དུ་ཡིན། དམག་དཔུང་གཉིས་ཀྱིས་སྦྱོང་བརྡར་བྱེད་པའི་ནང་དོན་ལ་མཉམ་འབྲེལ་དམག་དོན་འགུལ་སྐྱོད་ཀྱི་ཇུས་འགོད་དང་། བཀོད་འདོམ། ལག་བསྟར། མཚོན་ཆ་དང་སྒྲིག་ཆས་རིགས་སྣ་ཚོགས་ལ་གོམས་པར་བྱེད་པ་སོགས་འདུས།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དྲག་ཆས་དམག་དཔུང་གིས་དུས་རྒྱུན་ཕྱི་རྒྱལ་གྱི་དམག་དཔུང་བར་རིགས་མཐུན་གྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་ཏེ། དངོས་འཐབ་ནུས་པ་ཇེ་མཐོར་གཏོང་བ་དང་། དེང་རབས་ཅན་གྱི་མཚོན་ཆ་དང་སྒྲིག་ཆས་ཀྱི་བེད་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག